第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
《གཞི་རིམ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་ རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་པ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དྲ་འཕྲིན་ལས་དོན་སླར་ཡང་སྐས་རིམ་@
ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟ@
ཆུ་གསུམ་གྱི་དུད་ཚང་150ཡི་མང་ཚོགས་ སྡོད་ཁང་གསར་པར་སྤོས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོ@
| 山南网首页 |
2026年3月20日 星期
3 上一篇  下一篇 4 放大 缩小 默认
ཆུ་གསུམ་གྱི་དུད་ཚང་150ཡི་མང་ཚོགས་ སྡོད་ཁང་གསར་པར་སྤོས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ཆུ་གསུམ་རྫོང་གི་“དགའ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ། བདེ་སྡོད་ལས་བརྩོན་གྱིས་རྒྱང་ལམ་གསར་པར་བཏོད་”ཅེས་པའི་ཆུ་གསུམ་གྲོང་རྡལ་གྱི་ཚད་རན་པོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་གཞིས་ཆགས་མཛད་སྒོ་འཚོགས་པ་དེའི་ཐོག་ནས། བཀོད་སྒྲིག་བྱ་ཡུལ་དེའི་རྣམ་གྲངས་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་བ་དང་གནས་སྤོས་མང་ཚོགས་དུད་ཚང་150དངོས་སུ་སྡོད་ཁང་གསར་པར་སྤོས་པ་མཚོན་ཡོད།

ཆུ་གསུམ་གྲོང་རྡལ་གྱི་ཚད་རན་པོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་དེ་ནི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམངས་འཚོའི་འདུ་འགོད་གཙོ་བོ་ཞིག་ཡིན་པ་རེད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) མཛད་སྒོ་སྤེལ་ཡུལ་དུ། ལས་དོན་མི་སྣས་གནས་སྤོས་མང་ཚོགས་ཀྱི་འཐུས་མིར་སྡོད་ཁང་གསར་པའི་ལྡེ་མིག་སྤྲད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་དང་དེ་བཞིན་རྗེས་མཐུད་ཞབས་ཞུའི་འགན་ལེན་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད།

གནས་སྤོས་མང་ཚོགས་ཀྱི་འཐུས་མི་ཨོ་རྒྱན་ཚེ་རིང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སེམས་ནུས་ཡོད་རྒུས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱིས་འབྱུང་། འཚོ་བ་གསར་པར་གཅེས་སྤྲས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཆོད་སེམས་བསྟན་པ་རེད།

དེ་ཉིན། རིག་རྩལ་ལས་དོན་པས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་མང་ཚོགས་ཀྱི་འཚོ་བ་དང་ཉེ་བཅར་བྱས་པས། རིག་རྩལ་འཁྲབ་སྟོན་བྱས་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་16གིས་སྲིད་ཇུས་སྒྲོག་འགྲེལ་དང་། དམངས་ཕན་ཞབས་ཞུ་སོགས་སྤེལ་བ་མ་ཟད། ཁྱད་ལྡན་ཐོན་ཟོག་གི་འགྲེམས་ཚོང་ཡང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཀོད་སྒྲིག་ས་ཚིགས་ཀྱི་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་8946.58བཏང་ཡོད་པ་དང་། ཆུ་གསུམ་གྲོང་རྡལ་དང་ཉེ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་ཞན་ལ་རང་བྱུང་ཆ་རྐྱེན་སྐྱོ་བ། སྡོད་ཁང་གི་སྤུས་ཚད་ཞན་པའི་ཐག་རིང་ས་ཁོངས་ནས་གཅིག་སྡུད་གནས་སྤོས་བཀོད་སྒྲིག་བྱས་པ་དང་། དུད་ཚང་150ཙམ་ཡོད་པ་རེད།

བཟང་མོས་བསྒྱུར། བསོད་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告