འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གྲོང་ཨུད་ཧྲུའུ་ཅི། གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 2025ལོའི་ལས་དོན་སྙན་ཞུ་གསན་པ། 2026ལོའི་ལས་ཀའི་གཙོ་གནད་ལ་ཞིབ་འཇུག། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་(པར་ངོས་གསུམ་པར་གཟིཊ)(པར་ངོས་དང་པོར་མཐུད)ལག་བསྟར་དོན་འཁྱོལ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱས་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་འཕེལ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། དམངས་ཆེད་བདེ་སྐྱིད་སྐྲུན་རྒྱུ་རིན་ཐང་སྟོན་ཕྱོགས་སུ་བྱེད་པ། ལམ་ལུགས་ལམ་སྲོལ་འཛུགས་གཏོད་བྱ་རྒྱུ་ལྟེ་བར་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་འགག་སྒྲོལ་བཅས་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། སྒྱུར་བཅོས་ཀྱི་སྤུས་འབྲས་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་བསྐྲུན་ཆེད་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།
ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དག་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ནང་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་གཏིང་ཟབ་ལེན་དགོས་པ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྒྱུར་བཅོས་བཀོད་སྒྲིག་རང་འགུལ་ངང་དང་ལེན་བྱས་ནས་སྒྱུར་བཅོས་ལ་ཕྱོགས་ལྷུང་མེད་པ་དང་། རྣམ་པ་མི་འགྱུར་བ། ཕན་འབྲས་དངོས་ཐོན་པ་བཅས་བྱེད་དགོས། གཙོ་གནད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རྫོང(ཆུས་སམ་གྲོང་ཁྱེར)ཁག་དང་། སྡེ་ཚན་ཁག། ཆེད་དོན་ཚོ་ཆུང་ཁག་བཅས་ཀྱིས་ཚད་གཞི་དང་རེའུ་མིག་ལ་ཞིབ་བསྡུར་བྱེད་པ་དང་། ལག་བསྟར་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། དུས་ཚོད་རེའུ་མིག་དང་། ལམ་རིས། འགན་འཁུར་མི་སྣ་བཅས་ཁ་གསལ་བཟོས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལྟ་བཤེར་དང་ཕན་འབྲས་འདྲི་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཨུད་སྒྱུར་བཅོས་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྤྱི་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གྱིས་སྒྱུར་བཅོས་ལས་འགན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། དུས་བཀག་གསལ་ཐོ། བཀག་རྒྱ་གསལ་ཐོ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྙན་ཞུ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་ལྟ་བཤེར་བཀོད་གཏོང་བྱེད་པ། ལས་ཀའི་ཧེ་བག་ལ་ཡོ་བསྲང་བྱེད་པ། དག་ཐེར་དང་ཚོད་ལྟའི་དཔེ་སྟོན་ལ་ཤུགས་སྣོན་རྒྱག་པ། ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ལྷོ་ཁའི་སྒྱུར་བཅོས་ཀྱི་ལན་པར་ཁག་གཅིག་གཏོད་དགོས།
ལི་ཧྥུའུ་ཀྲུང་གིས་བླང་བྱ་བཏོན་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་རང་རྟོགས་ངང་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཆེད་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དམ་པ་དོན་གཉེར་བཅས་ཀྱི་སྤྱིའི་བླང་བྱ་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཇུས་འགོད་དང་། སྐུལ་འདེད། དོན་འཁྱོལ་བཅས་བྱས་ཏེ་མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱེད་པ་དང་། མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས།
གྲོང་ཨུད་ཕྱོགས་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཁོངས་མི་ཚོགས་འདུར་ཞུགས་ཡོད་པ་རེད།།
བསོད་ནམས་བསྟན་པས་བསྒྱུར། ཡེ་བཟང་དང་བདེ་དཔལ་གྱིས་ཞུས།