★ རྟག་ཏུ་མཚན་ཟས་བཟས་ན་ཕོ་བའི་འབྲས་སྐྲན་སློང་སྲིད། གང་ལགས་ཤེ་ན་ཕོ་བར་ངལ་གསོ་ཐེབས་ཀྱི་མེད།
★གཟའ་འཁོར་རེར་ཁྱོན་སྒོ་ང་བདུན་ལས་མང་བ་བཟའ་རྒྱུ་མེད། ★ བྱ་དེའི་བརླ་ཤར་འབྲས་སྐྲན་སློང་བྱེད་ཀྱི་དངོས་པོ་ཡོད་པས་ཉུང་ཙམ་ཟ་དགོས། ★ གྲོད་པ་སྟོང་པར་ཀྲོ་མ་ཀྲུ་ཟ་མི་རུང་། ཡག་ཤོས་བྱུང་ན་ཟ་མ་བཟས་རྗེས་ཟ་དགོས།★ཞོགས་པ་ལངས་མ་ཐག་ཆུ་ཕོར་པ་གང་བཏུང་ན་གཟུགས་པོར་ཕན་ཐོགས་ཆེན་པོ་ཡོད།★ མ་ཉལ་གོང་གི་ཆུ་ཚོད་གསུམ་ནང་ཟ་མ་བཟའ་མི་ུང་། གང་ལགས་ཤེ་ན་ཤ་རྒྱགས་པ་ཆགས་སྲིད།★ཉིན་མོ་ཆུ་མང་ཙམ་དང་དགོང་མོ་ཆུ་ཉུང་ཙམ་འཐུང་དགོས།★ ཉིན་གཅིག་ལ་ཀོག་ཧྥེ་དཀར་ཡོལ་དོ་ཡན་འཐུང་མི་ཉན། ཀོག་ཧྥེ་འཐུང་རྒྱུ་མང་དྲགས་ན་གཉིད་ཐེབས་གཅོག་པ་མ་ཟད་ཕོ་བའི་ནད་སློང་སྲིད།
★གཉིད་མ་འདང་ན་ཀླད་པ་ལྐུགས་སུ་འགྲོ་སྲིད་པས། ཉིན་ལྟར་ངེས་པར་དུ་གཉིད་ཆུ་ཚོད་བརྒྱད་ཁུག་དགོས་པ་དང་ཉིན་གུང་གཉིད་ཏོག་ཙམ་ཁུག་ན་རྒས་འགོར་དུ་འགྲོ་སྲིད། ★སྐྲ་བྱི་བའི་རྒྱུ་རྐྱེན་ནི་མཚན་སྐྱོང་བྱེད་པ་དང་། སེམས་ནད་ཆེ་བ། ཐ་མག་འཐེན་པ། ཆང་རག་འཐུང་བ། རྒྱ་ཁོག་ཁ་ཚ་དང་ཞག་ཚིལ་ཆེ་བའི་ཟས་རིགས། ཤ་སྨན་མང་པོ་བརྒྱབ་པའི་ཟས་རིགས་བཅས་བཟས་པས་རེད། ★ ཉིན་ལྟར་ཤིང་ཏོག་ཉིང་མོང་གི་ཁུ་བ་བཏུང་ན་ངོ་གདོང་མཛེས་པོ་ཆགས་ཐུབ་ལ་ངོ་གདོང་གི་གྲུ་ཐིག་དག་ཐུབ།
★ཉིན་ལྟར་ཀུ་ཤུ་རྐང་གཅིག་བཟས་ན་གློ་བའི་གད་སྙིགས་གཙང་སེལ་བྱེད་ཐུབ།
★ཆང་རག་བཏུང་ན་མཆིན་པ་མཁྲེགས་གྱུར་གྱི་ནད་ཕོག་པ་དང་མཆིན་པའི་འབྲས་སྐྲན་ནད་ཕོག་སླ།★ཉིན་ལྟར་སེམས་བག་ཡངས་པོ་དང་སེམས་པ་སྐྱིད་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ★མཆེ་བ་སྐྱེས་པ་དང་སྔོན་པོ་ཆགས་པའི་ཞོག་ཁོག་ལ་དུག་ཡོད་པས་བཟའ་མི་རུང་།★ཟས་བསྙལ་མར་འབྲས་སྐྲན་སློང་བྱེད་ཀྱི་དངོས་པོ་ལྡན་པས་མང་པོ་བཟའ་རྒྱུ་མེད།