第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2026年1月7日 星期
3 上一篇 放大 缩小 默认
ལི་ཧྥུའུ་ཀྲུང་གིས་སྣ་དཀར་རྩེ་རྫོང་དང་གོང་དཀར་རྫོང་དུ་ལས་བྱེད་དང་མང་ཚོགས་ལ་འཚམས་འདྲི་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།དམངས་འཚོའི་དོན་ཆུང་ཡིན་རུང་དོན་ཆེར་འཛིན། བདེ་སྡུག་གནད་དོན་གང་ཡིན་སེམས་ལ་ངེས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་དང་འཚོ་བའི་གནས་ཚུལ་ནི་གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་སྔ་བར་ཕྱི་གསུམ་དུ་སེམས་ཁུར་གནང་བའི་དོན་ཆེན་ཞིག་ཡིན། ཟླ་1ཚེས་2ཉིན་གནམ་ལོ་གསར་པའི་གུང་གསེང་གྱི་ཉིན་གཉིས་པར། ལི་ཧྥུའུ་ཀྲུང་གིས་སྣ་དཀར་རྩེ་རྫོང་དང་གོང་དཀར་རྫོང་གི་ཤང་ངམ་གྲོང་རྡལ་དང་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོར་འཚམས་འདྲི་དང་། ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་ཆེན་པོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ཚད་གཞིར་འཛིན་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཐོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཡག་པ་དང་། དེ་ལས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་དང་། གྲམ་མདའ་ཤང་སྲིད་གཞུང་། གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་སྲིད་གཞུང་བཅས་སུ། ལི་ཧྥུའུ་ཀྲུང་གིས་ཤང་ལས་བྱེད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་ཚོའི་འཚོ་བ་དང་ལས་ཀའི་སྐོར་གླེང་གནང་བ་དང་། དུས་ཆེན་རིང་གི་སྡོད་བྱའི་གནས་ཚུལ་དང་། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར། ཐོན་སྐྱེད་འཚོ་བ། གཞི་རིམ་བཅོས་སྐྱོང་། སྡོད་མལ་ཁོར་ཡུག་བཅོས་སྐྱོང་། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལོ་གོང་མའི་ལས་དོན་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་ཀྱིན་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་ནས་ལོ་གསར་པའི་ལས་ཀའི་ལས་འགན་དང་འཕེལ་རྒྱས་བྱེད་ཐབས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། ལག་ལེན་ཆེ་ལ་སྤྱོད་གོ་ཆོད་པའི་བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་དེ་དག་རྒྱུན་མཐུད་སྲ་བརྟན་དང་དོན་གཉེར་ཞིབ་ཕྲ་བཟོས་ཐོག་ལས་ཀའི་ཁྲོད་ཀྱི་ཆད་སྐྱོན་དང་ཞན་ཆར་ནན་ཏན་གྱིས་བསྐྱར་ཞིབ་དང་གནད་དོན་གྱི་འབྱུང་གཞི་བཙལ་ཐོག་ལས་ཀའི་ཧེ་བག་གསབ་དགོས། མང་ཚོགས་ནི་གནམ་འོག་ཡིན་པས། མང་ཚོགས་བློ་ཡིད་ཚིམ་ཚད་དེ་ང་ཚོའི་ལས་ཀའི་ཚད་གཞི་མཐོ་ཤོས་ཡིན་པར་བརྟེན། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། མང་ཚོགས་དང་ས་ཡུལ་མདུན་མར་མང་ཙམ་བསྐྱོད་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཐོག་མི་སེམས་གཅིག་སྒྲིལ་དང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་དོན་མང་ཙམ་བསྒྲུབ་དགོས། གནད་དོན་ལ་ཁྲིད་ཕྱོགས་མཐའ་འཁྱོངས་དང་། དུས་ཐོག་ཏུ་འགལ་བ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་དང་ཐག་གཅོད་བྱས་ཏེ་ལས་དོན་མཐའ་དག་སེམས་ནང་གྲངས་ཀ་ཡོད་པ་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་དེ་གའི་ཐོན་ཁུངས་ནུས་སྐྱེད་དང་ཟུང་འབྲེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཤུགས་ཆེར་གཏོང་དགོས། རྒྱུན་མཐུད་ངང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ཁྱིམ་གཞིས་སྐྲུན་དགོས། གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དོན་དངོས་དཀའ་ངལ་སེལ་རོགས་བྱས་ཐོག་རྒྱ་ཆེའི་ལས་བྱེད་པས“བྱ་བ་སྒྲུབ་བསམ་པ་དང་བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་”བཅས་ལ་ཟམ་མི་ཆད་པར་སྐུལ་ལྕག་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་སྔར་ལས་ཟབ་མོ་གཏོད་དགོས་པའི་ནན་བཤད་གནང་། སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་རོང་པོ་གྲོང་ཚོར། ལི་ཧྥུའུ་ཀྲུང་གིས་ཆ་སྒྲིག་རོགས་སྐྱོར་དུད་ཚང་དངོས་གྲུབ་ཕུན་ཚོགས་དང་བྱང་ཆུབ་ངག་དབང་གི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བ་དང་། ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཅི་འཕྲོས་མོལ་འཕྲོས་དང་བདེ་སྡུག་འདྲི་བ། ཡོང་འབབ་རྩིས་རྒྱག་པ། ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བ། གཟུགས་པོའི་གནས་ཚུལ་དང་བུ་ཕྲུག་སློབ་ཞུགས་ལས་ཞུགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་། མང་ཚོགས་ཀྱི་འདོད་འདུན་ནན་ཏན་ངང་གསན་ནས་ཁོང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ལེགས་སུ་གཏོང་བའི་ངར་ཤུགས་ལ་ཁས་ལེན་གནང་བ་དང་། མང་ཚོགས་ཁྱིམ་གྱི་སྒོ་ར་གཙང་སྦྲ་དོད་པ་དང་འཚོ་བ་བརྟན་པོ་ཡོད་པ་གཟིགས་སྐབས། ལི་ཧྥུའུ་ཀྲུང་ཐུགས་མཉེས་པོ་བྱུང་ནས་ཁོང་ཚོར་འཚོ་བའི་ཡིད་ཆེས་བརྟན་དུ་གཏོང་བ་དང་ཁྱིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས། ཞིང་དལ་དུས་སུ་མཐའ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་རྣམ་གྲངས་ནང་ཞུགས་རྒྱུར་དམ་འཛིན་བྱས་ཏེ་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས། བུ་ཕྲུག་ལ་སློབ་གསོ་དང་གསོ་སྐྱོང་བྱ་རྒྱུ་དམ་འཛིན་ཏན་ཏིག་དང་། བུ་ཕྲུག་ལ་ཕུགས་འདུན་ཆེན་པོ་འཆང་བ་དང་སློབ་སྦྱོང་ལ་བརྩོན་ཞིང་སློབ་སྦྱོང་ལ་བརྩོན་པར་ཁྲིད་སྟོན་བྱས་ཏེ་མ་འོངས་པར་སྤྱི་ཚོགས་ཐོག་བསྐྱོད་སྐབས་ཉམས་མྱོང་གསོག་འཇོག་དང་གདམ་ག་ཐུབ་པ་བྱ་དགོས། སློབ་གསོར་སྣང་ཆེན་གྱིས་མི་ཚེའི་མདུན་ལམ་མངོན་འགྱུར་ཐུབ་པ་བྱ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལས་ཞུགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་ཁག་གནད་སྨིན་འབྲེལ་མཐུད་དང་དོན་འཁྱོལ་བྱས་ཏེ་སེམས་རྣལ་དུ་ཕབ་ནས་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་པ་དང་བྱ་དངོས་དང་བྱ་བཟང་རྒྱུན་ཆད་མེད་པར་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་བདུན་ཕུད་ཆོས་འཁོར་དགོན་དུ། ལི་ཧྥུའུ་ཀྲུང་གིས་དགོན་སྡེར་བཅའ་སྡོད་ལས་བྱེད་དང་དགེ་འདུན་པ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་དགོན་སྡེའི་ལོ་རྒྱུས་དང་"འདུ་ཤེས་གསུམ་"གྱི་སློབ་གསོ། རིག་དངོས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དགོན་སྡེའི་ལས་དོན་མཐའ་དག་ལ་མཐོང་ཆེན་བྱས་ནས་འཕྱུགས་པ་མེད་པར་སྒྲུབ་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་ངོ་།།

བསོད་ནམས་བསྟན་པས་བསྒྱུར། བདེ་དཔལ་དང་བཟང་མོས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:综合新闻
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་དགོས།
ཚེ་གང་ཕན་ཐོགས་པའི་བདེ་ཐང་རྒྱུན་ཤེས།
ལི་ཧྥུའུ་ཀྲུང་གིས་སྣ་དཀར་རྩེ་རྫོང་དང་གོང་དཀར་རྫོང་དུ་ལས་བྱེད་དང་མང་ཚོགས་ལ་འཚམས་འདྲི་གནང་བ།