第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལི་ཧྥུའུ་ཀྲུང་གིས་སྣེ་གདོང་ཆུས་སུ་རྟོག་ཞིབ་གནང་སྐབས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱི@
ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅ@
| 山南网首页 |
2025年9月12日 星期
3 上一篇 放大 缩小 默认
ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་10ཉིན། དགེ་རྒན་དུས་ཆེན་ཐེངས་41ཉིན་མོར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་ཏང་གི་སློབ་གྲྭ་དང་གྲོང་ཁྱེར་ཆ་ཚང་སློབ་འབྲིང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་བཅས་སུ་ཕེབས་ནས་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་བྱ་ཆེད་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

ས་ཆ་གང་དུ་ཕེབས་རིམ་བཞིན། ལི་ཧྥུའུ་ཀྲུང་གིས་འཐབ་ས་དང་པོའི་སློབ་གསོའི་ལས་དོན་པའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་དང་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། འབད་འབུངས་ལྷོད་མེད་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ནས་བརྩེ་སེམས་ཟབ་མོ་དང་འགན་འཁྲི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) འཁུར་སེམས་ཐོག་ནས་དེ་བས་མང་བའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་དང་།

གྲོང་ཨུད་ཏང་གི་སློབ་གྲྭར་ལི་ཧྥུའུ་ཀྲུང་གིས་འགྲེམས་པང་ལ་གཟིགས་པ་དང་སྙན་ཞུ་གསན་པ། ཁོའོ་ཁག་ཏུ་ཕེབས་ནས་ཏང་གི་སློབ་གྲྭ་འཛུགས་སྐྱོང་དང་དགེ་རྒན་དཔུང་ཁག རིགས་པའི་གཞུང་ལུགས་ཞིབ་འཇུག སློབ་མའི་དོ་དམ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསུངས་དོན། "ཏང་གི་སློབ་གྲྭའི་མིང་ལ་ཏང་ཟེར་" བས་ཏང་གི་སློབ་གྲྭའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། སློབ་སྦྱོང་གི་རུ་སྣེ་ཁྲིད་མཁན་དང་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་བྱེད་ལམ་གཙོ་བོ། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྟེན་གཞི་གཙོ་བོ། ཇུས་ཐག་གཅོད་པའི་བློ་འདྲིའི་རིག་མཛོད་གསར་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་"གཏན་འཁེལ་གཉིས་"ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་ཞུ་བ་དང་། "སྲུང་སྐྱོང་གཉིས་"མཐའ་གཅིག་ཏུ་ཐུབ་པའི་རྟེན་གཞི་བརྟན་པོ་ཞིག་བསྐྲུན་དགོས། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། གསོ་སྦྱོང་རེས་སྐོར་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཕྱིའི་ཏང་གི་སློབ་གྲྭ་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགེ་མཚན་ལྡན་པའི་རིག་གཞུང་ཚན་ཁག་དང་ཁྱད་ཆོས་ལྡན་པའི་ཆེད་ལས་བཏོད་དགོས། ཞིབ་འཇུག་བྱ་གཞིའི་བྱེད་ནུས་ཆེ་རུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་ལེན་གྱི་གནད་དོན་གལ་ཆེན་ལ་བསམ་གཞིགས་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། "དོན་ཆེན་བཞི་"ལ་དམིགས་པ་དང་། "འཛུགས་གཏོད་བཞི་"ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐོག གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་རྒྱུན་ཆད་མེད་པར་བཏོད་དགོས། སློབ་གྲྭ་ནན་སྐྱོང་དང་། སློབ་གཉེར་ནན་པོ། དོ་དམ་ནན་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གྲྭའི་དར་སྲོལ་དང་སློབ་སྲོལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་མར་དོ་དམ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཏང་གི་སློབ་གྲྭ་ལེགས་གཉེར་བྱེད་པར་མཛུབ་སྟོན་བཅས་བྱས་ཏེ་ཏང་གི་སློབ་གྲྭའི་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། སེམས་ནུས་གཅིག་སྒྲིལ་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁག་སྔོན་ལ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བླ་ན་མེད་པའི་ཀུན་སྤྱོད་ཀྱི་སྤྱོད་ལམ་དང་ལས་རིགས་ཀྱི་སྤྱོད་ལམ་གསོ་སྐྱོང་བྱེད་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་། ཡིད་ཆེས་བརྟན་པོ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཏང་གི་སློབ་གྲྭའི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས།

གྲོང་ཁྱེར་ཆ་ཚང་སློབ་འབྲིང་དུ། ལི་ཧྥུའུ་ཀྲུང་གིས་སློབ་གྲྭའི་སྤྱི་ཡོངས་ལས་དོན་གྱི་སྙན་ཞུ་གསན་པ་དང་། ས་གནས་ས་ཐོག་ནས་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་སློབ་གྲྭའི་དོ་དམ་དང་། དཔུང་ཁག་འཛུགས་སྐྲུན། སློབ་གསོ་སློབ་ཁྲིད་དང་ཚོད་ལྟ་ཁང་འཛུགས་སྐྲུན། སློབ་མའི་སེམས་ཁམས་བདེ་ཐང་སོགས་ཀྱི་གནས་ཚུལ་གསན་རྗེས་ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་འཐུས་མིར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་འཛིན་པ། ཐོག་མའི་བསམ་འདུན་བརྟན་སྲུང་བཅས་བྱས་ཏེ་དཔེ་ཁྲིད་མི་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཕུལ་བྱུང་སློབ་མ་དེ་བས་མང་བ་གསོ་སྐྱོང་བྱ་དགོས། ཚེ་གང་སློབ་སྦྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྤྱོད་བཟང་རྒྱུད་སྤེལ་དང་བྱ་གཞག་བརྒྱུད་སྤྲོད་ཀྱི་མུན་སེལ་ནུས་པ་ཆེ་རུ་གཏོང་བ། སློབ་གསོའི་བྱ་གཞག་ལ་དགའ་ཞེན་བྱེད་པ། ཀུན་སྤྱོད་ཀྱི་བསམ་ཚུལ་གསོ་སྐྱོང་བཅས་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་བཅས་བྱེད་དགོས། གཞོན་ནུ་ལོ་ཆུང་སློབ་མར་བསམ་བློའི་ཐད་ཀྱི་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་“ལོ་རྒྱུས་ལྔ”དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས། སློབ་མའི་སེམས་ཁམས་ཀྱི་བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སོགས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཐོག་བདེ་འཇགས་བརྟན་ལྷིང་གི་སློབ་གྲྭའི་ཁོར་ཡུག་ལ་རྒྱུན་མཐུད་ངང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་།

གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ལས་རིགས་སློབ་གསོ་འཕེལ་རྒྱས་དང་། ཆེད་ལས་བཀོད་སྒྲིག ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་གསན་རྗེས། ལས་རིགས་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་དང་མི་རྒྱུན་ཐོན་ཁུངས་གསར་སྤེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱས་ནས་མི་བཟང་གསོ་སྐྱོང་དང་ཀུན་སྤྱོད་དང་ལག་རྩལ་གཉིས་སྦྱོང་མཐའ་འཁྱོངས་བྱས་ཏེ་ལས་རིགས་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་མཐར་ཕྱིན་པ་གཏོང་དགོས། ཐོན་ལས་ཀྱི་དགོས་མཁོར་དམིགས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་གནད་འཁེལ་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་དགོས། ཁྲོམ་རས་ཁྲིད་སྟོན་མཐའ་འཁྱོངས་དང་། རྩེ་གྲའི་འདུ་ཤེས་འཛུགས་པ། དཔལ་འབྱོར་འཕེལ་རྒྱས་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་གཞིགས་ནས། ཐོན་སློབ་མཉམ་འདྲེས་དང་། སློབ་ཁེ་མཉམ་ལས་གཏིང་ཟབ་བྱས་ཐོག “མངག་ཐོ་རྣམ་པའི”གསོ་སྐྱོང་ལ་སྐུལ་འདེད་གཏོང་དགོས། རང་འགུལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་གི་མཁོ་དགོས་འཚམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་སློབ་མ་དེ་བས་མང་བ་ལས་ཞུགས་བདེ་བླག་ཡོང་བར་སྐུལ་འདེད་གཏོང་དགོས། བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་ནང་སའི་ལས་རིགས་སློབ་གླིང་ཁག་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས། སློབ་གཉེར་སྤུས་ཚད་མཐོ་རུ་བཏང་ཐོག་ཆེད་ལས་ལག་རྩལ་ཡོད་པའི་གོ་ཆོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱ་དགོས།

རྟོག་ཞིབ་གནང་རིང་། ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། རིམ་པ་ཁག་གི་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། སྔར་རྒྱུན་ལྟར་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ། དགེ་རྒན་དཔུང་ཁག་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་དགོས། རྒྱ་ཆེའི་སློབ་གསོའི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བློ་ཁྱེར་བ་བཞིའི”དགེ་རྒན་བཟང་པོ་བརྩོན་ལེན་བྱེད་དགོས་པའི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་དགོས་པ་དང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་འཛིན་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ནུས་པའི་དུས་རབས་ཀྱི་མི་གསར་གང་མང་གསོ་སྐྱོང་ཧུར་ཐག་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་”ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

གྲོང་ཁྱེར་དབུ་ཁྲིད་ལུའོ་ཏུང་ལེའང་དང་། ལི་ཡཱ་ཞང་། ཕན་ཀང་ཕིང་། ཉིའུ་ཁུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།།

བསོད་བསྟན་དང་ཡེ་བཟང་གིས་བསྒྱུར། བསོད་བདེས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ལི་ཧྥུའུ་ཀྲུང་གིས་སྣེ་གདོང་ཆུས་སུ་རྟོག་ཞིབ་གནང་སྐབས་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱི@
ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅ@