第04版:焦点新闻 上一版3
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་གསབ་ལོངས་སྤྱོད་བྱེད་ཆོག་པ།
ཁ་པར་ཐོག་ནས་བུ་གསོའི་ ཁ་གསབ་དངུལ་ལེན་སྟངས།
ཁེ་ལུང་གི་རྩལ་ལས་བྱུང་བའི་འབྲི་གཡག་ཐོག་མ་དེ་སྐྱེས་པ།
མི་མེད་མྱུར་སྐྱེལ་རླངས་འཁོར་ས་མཐོར་གཏོང་འགོ་ཚུགས་པ།
| 山南网首页 |
2025年8月27日 星期
3 上一篇  下一篇 4 放大 缩小 默认
མི་མེད་མྱུར་སྐྱེལ་རླངས་འཁོར་ས་མཐོར་གཏོང་འགོ་ཚུགས་པ།
 

མི་དམངས་ཉིན་རེའི་བོད་ཡིག་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཆ་སྙོམས་ས་བབ་སྨི་4000ཡན་གྱི་གངས་ལྗོངས་ས་མཐོར་མི་མེད་མྱུར་སྐྱེལ་རླངས་འཁོར་ཞིག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་རྫོང་གྲོང་ནས་རྩྭ་སྐོར་ཤང་དུ་སྐྱོད་སའི་གཞུང་ལམ་དུ་བརྟན་པོའི་ངང་གཏོང་བཞིན་ཡོད། མི་མེད་མྱུར་སྐྱེལ་རླངས་འཁོར་འདི་ཚོད་གཏོང་ལེཊ་གྲུབ་བྱུང་རྗེས། མིག་སྔར་དིང་རི་རྫོང་གི་རྫོང་གྲོང་ནས་རྩྭ་སྐོར་ཤང་བར་རྒྱུན་ལྡན་གྱི་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད།

གཞིས་རྩེ་ས་ཁུལ་ནི་ས་ཆ་རྒྱ་ཆེ་ལ་མི་ཉུང་བ་དང་། གྲོང་ཚོ་དང་གྲོང་རྡལ་བར་ལམ་ཐག་རིང་བ། བགྲོད་ལམ་རྙོག་འཛིང་ཆེ་བ་བཅས་ཀྱི་ས་ཁུལ་ཞིག་རེད། “གནམ་གཤིས་ངན་པ་སྟོན་པའི་སྐབས་སུ་སྡེབ་སྐྱེལ་གྱི་དུས་ཚོད་ནར་འགྱངས་འགྲོ་བའམ་ཡང་ན་སྐབས་རེ་མཚམས་ཆད་པས་ལས་ཕྱོད་དང་མ་གནས་གཉིས་ཀའི་ཐད་གནོན་ཤུགས་ཆེན་པོ་འདུག”ཅེས་དིང་རི་རྫོང་མྱུར་སྐྱེལ་དྲ་ཚིགས་ཤིག་གི་འགན་འཁུར་བ་ལུའུ་ཅུན་ཁོ་ཡིས་བཤད།

མི་མེད་མྱུར་སྐྱེལ་རླངས་འཁོར་ནང་འདྲེན་བྱས་པ་དེས་སྡེབ་སྐྱེལ་ལས་ཀར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། “མ་གནས་ཇེ་ཆུང་དུ་ཕྱིན་ཡོད”ཅེས་དང“དེ་བས་གལ་ཆེ་བ་ཞིག་ལ་རླངས་འཁོར་དེས་ས་མཐོའི་འགྱུར་ལྡོག་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཁྱད་བསད་ཐུབ་ནས་བརྟན་ལྷིང་རང་བཞིན་སྔོན་དཔག་ལས་ཆེ་རུ་སོང་འདུག”ཅེས་ལུའུ་ཅུན་ཁོ་ཡིས་བཤད།

མིག་སྔར། དིང་རི་རྫོང་གི་རྫོང་གྲོང་ནས་རྩྭ་སྐོར་ཤང་བར་གྱི་ལམ་དེ་ནི་མི་མེད་མྱུར་སྐྱེལ་རླངས་འཁོར་རྒྱུན་ལྡན་ཅན་གྱི་སྒོ་ནས་འཁོར་སྐྱོད་ཐུབ་པའི་བོད་ཀྱི་ལམ་ཐིག་དང་པོར་གྱུར་ཡོད་ལ་འཁོར་སྐྱོད་བརྟན་པོའང་བྱུང་ཡོད། ལམ་ཐིག་གཞན་དག་མུ་མཐུད་ཤར་གཏོང་ཐུབ་པར་བྱས་ནས་ཞབས་འདེགས་ཞུ་རྩིས་ཡོད་པ་རེད། དེ་འདྲ་བྱུང་རྗེས་དིང་རི་རྫོང་གི་ཐག་རིང་ཤང་གྲོང་མང་པོར་ཁྱབ་པའི་ས་མཐོའི་རིག་ལྡན་སྡེབ་སྐྱེལ་དྲ་བ་ཅིག་མགྱོགས་ནས་མྱུར་དུ་ཆགས་རྒྱུ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:焦点新闻
མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་པོའི་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་གསབ་ལོངས་སྤྱོད་བྱེད་ཆོག་པ།
ཁ་པར་ཐོག་ནས་བུ་གསོའི་ ཁ་གསབ་དངུལ་ལེན་སྟངས།
ཁེ་ལུང་གི་རྩལ་ལས་བྱུང་བའི་འབྲི་གཡག་ཐོག་མ་དེ་སྐྱེས་པ།
མི་མེད་མྱུར་སྐྱེལ་རླངས་འཁོར་ས་མཐོར་གཏོང་འགོ་ཚུགས་པ།