དེང་གི་ཆར། མི་རྣམས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་ནས། ལུས་སྦྱོང་ཁང་དུ་ལུས་སྦྱོང་བྱེད་པར་འགྲོ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། མི་མང་པོ་ཞིག་གིས་ལུས་སྦྱོང་བྱས་རྗེས། ལམ་སེང་ངལ་གསོས་ནས་སྡོད་ཀྱི་ཡོད། དོན་དུ་འདི་ནི་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་སྟངས་ཤིག་གཏན་ནས་མ་རེད། རིགས་གཅིག་མཁས་པས་གསུངས་པ་ལྟར་ན། ལུས་སྦྱོང་བྱས་རྗེས་ལམ་སེང་ངལ་གསོས་ནས་མ་བསྡད་པར་མུ་མཐུད་གཤམ་གསལ་གྱི་ལུས་རྩལ་འདི་རིགས་བརྩེས་ཚེ། ལུས་པོའི་ངལ་ཐུབ་སེལ་བ་དང་། ལུས་ཟུངས་མགྱོགས་པོ་གསོ་བར་ཕན་པ་ཡོད།