ཁ་དྲི་ཁ་ན། སྐད་ཆ་ཤོད་དུས་ཁ་སྐྱེངས་པོ་བཟོ་སྲིད་ལ། མི་གཞན་ལ་གཙང་སྦྲ་མི་ལེགས་པའི་བག་ཆགས་ཀྱང་འཇོག་སྲིད། ཡིན་ནའང་། གཤམ་གྱི་ཐབས་དག་ཤེས་ན། ཁ་དྲི་བསལ་ཐུབ།
◎ཚ་ལུ་མ། ཚ་ལུ་མར་ལུད་པ་འགོག་པ་དང་ར་དྭངས་པའི་ནུས་པ་སོགས་ཡོད་ལ། ཁ་དྲི་སེལ་བའི་ནུས་པའང་ཡོད།
◎འོ་མ། སྒོག་པ་དང་ཙོང་སོགས་བཟས་རྗེས་ཁ་དྲི་ངན་པ་ཁ་སྲིད། ཡིན་ནའང་འོ་མ་པེ་ཙི་གང་བཏུངས་པ་ཡིན་ན། སྒོག་དྲི་དང་ཙོང་དྲི་ངན་པ་སེལ་ཐུབ་ཀྱི་ཡོད།
◎ཉིང་མོང་། ཉིང་མོང་ནི་རོ་སྐྱུར་ལ་ཅུང་ཁ་ཏིག་ཁ་བའི་ཤིང་འབྲས་ཤིག་ཡིན་ཞིང་། དེས་ཚ་བ་འཇོམས་ལ་སྐོམ་པ་སེལ་ཐུབ་པ་མ་ཟད། ཁ་དྲི་ཡང་སེལ་ཐུབ་ཀྱི་ཡོད།
◎སྦྲང་རྩི། གལ་ཏེ་བཙོག་པ་འགགས་པའི་དབང་གིས་ཁ་དྲི་ཁ་བ་ཡིན་ན། སྦྲང་རྩི་མཆོད་དང་། སྦྲང་རྩིས་བཙོག་པ་གཏོང་བདེ་རུ་འགྲོ་བ་མ་ཟད། ཁ་དྲི་ཡང་སེལ་ཐུབ།
◎སྐྱུ་རུ་ར། སྐྱུ་རུ་རས་ཟས་འཇུ་བདེ་རུ་འགྲོ་བ་མ་ཟད། ཕོ་བ་གཙང་སེལ་ཐུབ་ནས་ཁ་དྲི་ངན་པ་ངང་གིས་སེལ་འགྲོ།