འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་བསམ་ཕྱོགས་དང་རྣམ་གྲངས་འཆར་འགོད་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། གྲོང་ཁྱེར་དབུ་ཁྲིད་ལུའོ་ཏུང་ལེའང་དང་། ཝང་ཆི་ཁྲའོ། ཀྲང་ཝུའེ་སོགས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་སྒྲིག་བཟོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྲོང་ཁྱེར་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་། མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས། ཚོད་བགམ་ཐེག་ཐུབ་ལ་སྤུས་ཚད་མཐོ་བའི་འཆར་འགོད་ཞིག་འདིང་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ལག་བསྟར་གནས་ཚུལ་ལ་བསྐྱར་ཞིབ་བྱས་ནས་ཁེ་གྱོང་ཐོབ་ཤོར་ལ་ཕྱོགས་སྡོམ་དང་གནད་དོན་ལེགས་སྒྲིག་བྱས་ཏེ་འཆར་འགོད་གསར་པ་སྒྲིག་བཟོ་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་། གཙོ་གནད་ཀྱི་འཐབ་ཇུས་གལ་ཆེན་དང་འགག་རྩའི་གནད་དོན་ལ་དམིགས་ཏེ། འཆར་འགོད་ཀྱི་རྒྱུ་ཆ་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་དགོས། འཕེལ་རྒྱས་གཏོང་བའི་གོ་སྐབས་ཁོང་དུ་ཆུད་པ་བྱས་ཐོག་རྒྱལ་ཁབ་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་འདོད། ལྷོ་ཁའི་འཇོན་ནུས་དཔག་ནུས་བཅས་ལ་སྤྱི་འདོམས་བྱས་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དམིགས་ཚད་བཟོ་བ་དང་། རྣམ་གྲངས་དང་བྱེད་ཐབས་གལ་ཆེན་ཞིབ་ཚགས་པོ་དང་ལག་ལེན་ལྡན་པ་ཇུས་འགོད་བྱས་ནས་འཆར་འགོད་ཀྱི་ཚུགས་གནས་ཡང་དག་པ་དང་། འབྲེལ་མཐུད་བདེ་བླག་ཡོང་བའི་འགན་ལེན་བྱ་དགོས་པ་བཅས་སོ།།