འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་བ་རེད། ཁོང་གིས། ཐོག་མཐའ་བར་གསུམ་དུ་དམངས་འདུན་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་སེམས་ལ་བརྟན་པོ་ངེས་དགོས་པ་དང་། དམངས་ཆེད་དཀའ་ངལ་གཙང་སེལ་དང་ཏང་ཆེད་དཀའ་སྡུག་མཉམ་འཁུར་བྱེད་པའི་ཆབ་སྲིད་འགན་འཁྲི་བློ་ལ་བརྟན་པོ་འཆང་དགོས། དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་བསྒྲུབ་སྟེ། མང་ཚོགས་ཀྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱས་ཐོག བྱ་སྤྱོད་ངོ་མར་བརྟེན་ནས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་གནད་དོན་ལ་ལན་ཆ་བྱས་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།
གྲོང་ཁྱེར་འགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་ཧན་ལེའང་སྣེ་ལེན་ནང་མཉམ་དུ་ཞུགས་པ་རེད།སྣེ་ལེན་ཁྲོད། བསམ་གྲུབ་ཚེ་རིང་གིས་མང་ཚོགས་ཀྱི་རེ་འབོད་ནན་ཏན་གསན་ཐོག ཡིག་བསྐུར་ངོ་བཅར་དོན་ཚན་བྱུང་རྐྱེན་ལ་རྒྱུས་མངའ་ཞིབ་ཕྲ་གནང་སྟེ། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་འགག་གནད་ལ་དབྱེ་ཞིབ་དང་ཐག་གཅོད་བྱ་ཐབས་ལ་ཞིབ་འཇུག་གནང་བ་རེད། ཁོང་གིས། འགན་འཁྲི་ཁ་གསལ་བཟོས་ནས་ཁྲིམས་དང་སྒྲིག་སྲོལ་བཞིན་ཡིག་བསྐུར་ངོ་བཅར་གནད་དོན་གོ་རིམ་ལྟར་ཐག་གཅོད་ཡག་པོ་བྱས་ནས། གནད་དོན་དང་སེམས་ཁྲལ་ཅི་ཡོད་ཐག་གཅོད་གང་མགྱོགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཡིག་བསྐུར་ངོ་བཅར་དང་འབྲེལ་བའི་གནད་དོན་ཅི་ཡོད་འབྱུང་རྩ་ནས་སྔོན་འགོག་དང་ཐོག་མ་ནས་དམ་འཛིན་བྱས་ཏེ། གནད་དོན་ཐོན་མཚམས་ནས་ཐག་གཅོད་དང་ས་གནས་དེ་རང་དུ་ཐག་གཅོད་ཡོང་རྒྱུར་འབད་བརྩོན་བྱེད་དགོས། ཡིག་བསྐུར་ངོ་བཅར་སྲོལ་ཡིག་ལག་བསྟར་ནན་པོ་བྱས་ཏེ། ཁྲིམས་བཞིན་མི་དམངས་མང་ཚོགས་ཀྱི་ལུགས་མཐུན་རེ་འབོད་ཐག་གཅོད་བྱེད་དགོས་པ་དང་། དུས་ཐོག་ཏུ་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ལ་ལན་ཆ་བྱས་ནས་ཡིག་བསྐུར་ངོ་བཅར་དོན་ཚན་ཐག་གཅོད་ཕན་ནུས་ཆེ་བ་བྱེད་དགོས། ཡིག་བསྐུར་ངོ་བཅར་ལྷན་ཞུགས་ཚོགས་འདུའི་འབྲེལ་གཏུག་ཁྲིད་སྐུལ་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱས་ཏེ། འབུར་ཐོན་གནད་དོན་ལ་དམིགས་ནས་འབྱུང་རྩ་ནས་བཅོས་སྒྲིག་ལས་དོན་སྤེལ་བའི་བསམ་གྲོས་ཆགས་པ་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱི་གྱོད་གསོག་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། འགན་འཁྲིའི་མ་ལག་ཁག་འཐུས་ཚང་འཛུགས་སྐྱོང་བྱས་ནས་དུས་ཚོད་ཨང་དང་པོར་ཐག་གཅོད་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། ལྟ་སྐུལ་གྱི་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིང་ཡིག་བསྐུར་ངོ་བཅར་ཁྱབ་ཁོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལས་ཀ་ཏན་ཏིག་བསྒྲུབ་དགོས།