第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
《སྲོག་ཤིང་ཀ་རྟེན། ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་དམག་འཁྲུག་གི་ཡིག་ཚགས་འགྲེམས་སྟོན》གྱི་ཆེད་དོན་འགྲེམས་སྟོན་དམངས་ལ་སྒོ་མོ་ཕྱེ་བ།
ལི་ཧྥུའུ་ཀྲུང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས་”ཐོབ་མཁན་དང་། ལས་འཁྱུར་ལས་བྱེད་རྒན་གྲས། གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མིའི་འཐུས་མི་བཅས་ལ་འཚམས་འདྲི@
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པའི་བོད་ལྗོངས་ལྷོ་ཁའི་འཕོ་འགྱུར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་བཀོད་སྒྲིག་གནང་བ།
བཏུང་བྱ་འདི་རིགས་བཏུངས་དྲགས་ན་གཟུགས་པོར་གནོད་པ་ཆེན་པོ་འདུག
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུད་དུ་ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་ལ་སྣེ་ལེན་གནང་བ།
| 山南网首页 |
2025年8月20日 星期
下一篇 4 放大 缩小 默认
《སྲོག་ཤིང་ཀ་རྟེན། ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་དམག་འཁྲུག་གི་ཡིག་ཚགས་འགྲེམས་སྟོན》གྱི་ཆེད་དོན་འགྲེམས་སྟོན་དམངས་ལ་སྒོ་མོ་ཕྱེ་བ།
 
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་15ཉིན། ཀྲུང་དབྱང་ཡིག་ཚགས་ཁང་དང་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི《སྲོག་ཤིང་ཀ་རྟེན། ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་དམག་འཁྲུག་གི་ཡིག་ཚགས་འགྲེམས་སྟོན》གྱི་ཆེད་དོན་འགྲེམས་སྟོན་ཏང་གི་ལོ་རྒྱུས་འགྲེམས་ཁང་གི་ཐོག་སོ་བཞི་པའི་ཆེད་དོན་འགྲེམས་ཁང་དུ་དམངས་ལ་སྒོ་མོ་ཕྱེ་བ་རེད།

འགྲེམས་སྟོན་དེ་ཁག་8ལ་ཕྱེ་སྟེ་རྩ་ཆེའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཚགས་340ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་། རི་འགོག་དམག་འཁྲུག་གི་དོན་རྐྱེན་གལ་ཆེན་གྱི་ཡིག་ཚགས་དང་། གཡུལ་འགྱེད་འཐབ་འཛིང་གལ་ཆེན་གྱི་ཡིག་ཚགས། དེ་བཞིན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་པ་རྣམས་ཀྱིས་རང་ཉིད་སྐུ་ངོ་མས་བྲིས་པའི་ཕྱག་ཡིག་དང་། གསུང་བཤད། ཕྱག་བྲིས་སོགས་ཀྱི་དཔྱད་གཞི་ཚུད་ཡོད་ཅིང་། དེ་ཐོག་ནས་ལོ་14ཡི་རིང་གི་དཀའ་སྤྱད་ཚད་མེད་ཀྱི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་བརྒྱུད་རིམ་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཕྱི་ཕྱོགས་ཀྱི་བཙན་འཛུལ་དང་གཉའ་གནོན་འགོག་པའི་ལེའུ་རླབས་པོ་ཆེ་བརྩམས་ཏེ། རི་འགོག་དམག་འཁྲུག་ཁྲོད་ཀྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་ནུས་པ་གཅིག་སྡུད་ཐོག་མཚོན་པར་བྱས་པ་མ་ཟད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ནས། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་བ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

འགྲེམས་སྟོན་ཐོག་རྩ་ཆེའི་ཡིག་ཚགས་འབོར་ཆེན་བཤམས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་པ་གང་ལེགས་མཚོན་པར་བྱས་པ་དང་། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། མི་རྣམས་ལ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།

2025ལོའི་ལོ་མཇུག་བར་འགྲེམས་སྟོན་བྱ་རྒྱུ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:专版