འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་སྔོན། གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལོའི་བྱ་སྤྱོད་སྤེལ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག དུས་མཚམས་རང་བཞིན་གྱི་ལས་དོན་ལ་ཕྱོགས་བསྡོམས་དང་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཅན་གསུམ་འཛུགས་སྐྱོང་ལོའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་རྒྱུན་ཨུ། སྒྲིག་ཨུད་ཧྲུའུ་ཅི། ལྟ་ཞིབ་ཨུད་ཀྲུའུ་རེན་བཅས་ཡིན་པའི་ལི་ཡཱ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྒྲིག་ཨུད་རྒྱུན་ཨུད་ཚན་ཁག་ཁོངས་མིས་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་གཏོང་བྱས་ཐོག ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ནས། མངའ་ཁོངས་ལ་དོ་དམ་ཡག་པོ་དང་ས་ཁོངས་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས། སྒྲིག་ཨུད་ཧྲུའུ་ཅིས་བྱེད་པོའི་འགན་འཁྲི་ནན་འཁུར་བརྒྱུད། ཚན་ཁག་ཁོངས་མིས་ལས་གནས་གཅིག་ཐོག་གི་འགན་འཁྲི་གཉིས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཁག་བགོས་འགན་འཁུར་དང་ཞོར་གཏོགས་དོ་དམ་ནང་ཚུད་པའི་ཚན་པ་དང་འབྲེལ་གཏུག་ཚན་པའི་ཅན་གསུམ་འཛུགས་སྐྱོང་ལོའི་བྱ་སྤྱོད་ལ་དམ་འཛིན་ཏན་ཏིག་བྱས་ཏེ། དུས་ཐོག་ཏུ་སྙན་ཞུ་གསན་ནས་ཞིབ་ཕྲའི་གནད་དོན་ཞིབ་འཇུག་ཐག་གཅོད་དང་གལ་ཆེའི་གནད་དོན་དང་བརྒྱུད་རིམ། དེ་བཞིན་གྱོད་དཔེ་གལ་ཆེན་བཅས་ལ་ཐེ་ཇུས་བྱེད་དགོས། རྫོང་ངམ་ཁྲུའུ་རིམ་པའི་ལས་བྱེད་པས་མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཅན་གསུམ་ལས་དོན་ཆེད་སྒྲུབ་ཚོ་ཆུང་གིས་འབྲེལ་ཡོད་འགན་ནུས་ལག་ལེན་ནང་ཡག་པོ་བསྟར་ཏེ། སྒོ་ཀུན་ནས་ཅན་གསུམ་འཛུགས་སྐྱོང་ལོའི་བྱ་སྤྱོད་སྤེལ་བའི་ལས་འགན་ཁག་དོན་འཁྱོལ་གནད་ལ་སྨིན་པ་དང་། གོ་རིམ་དང་ལྡན་པ། ཕན་ནུས་ཆེ་བ་བཅས་ཡོང་བ་བྱེད་དགོས།། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།བསོད་བདེ་ཡེས་ཞུས།