第02版:重要新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
ཏང་གི་བཀའ་དྲིན་སེམས་ལ་བཅངས། ལོ་ངོ་དྲུག་ཅུར་བསྟོད་གླུ་འབུལ།
ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།
གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལོའི་བྱ་སྤྱོད་སྤེལ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྐོང@
ངལ་གསོའི་དུས་ཁོམ་གྱི་སྒྲོག་འགྲེལ།
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།
| 山南网首页 |
2025年8月20日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྣེ་གདོང་དུ་བསྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི་བལྟས་པ་དང་། ལྷོ་ཁ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་གྱི་འཕེལ་རྒྱས་དང་གྲུབ་འབྲས། དེ་བཞིན་སླད་ཀྱི་རེ་བལྟོས་བཅས་བརྡ་ཁྱབ་བཏང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ(འོས་མི)ལུའོ་ཏུང་ལེའང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་། གྲོང་ཨུད་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། གྲོང་ཁྱེར་འགོ་ཁྲིད་ཕན་ཀང་ཕིང་དང་། འཇིགས་མེད། ཕུན་ཚོགས། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

ལུའོ་ཏུང་ལེའང་གིས་མཛུབ་སྟོན་གནང་དོན། ལོ་ངོ་60ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་མེད་རོགས་སྐྱོར་འོག ལྷོ་ཁའི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་དཀའ་སྤྱད་འབད་འབུངས་བྱས་མཐར། མུན་ནག་ནས་འོད་ཟེར་གྱི་བར་དང་། རྗེས་ལུས་ནས་ཡར་ཐོན་གྱི་བར། དབུལ་ཕོངས་ནས་ཕྱུག་འགྱུར་གྱི་བར། སྒེར་སྤྱོད་ལམ་ལུགས་ནས་དམངས་གཙོ་ཡི་བར། དེ་བཞིན་སྒོ་སྡོམ་མཁྲེགས་བཟུང་ནས་སྒོ་དབྱེ་ཡི་བར། གནམ་ས་བླ་འོག་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། བགྲང་བྱ་ཐུང་ཐུང་ནང་སྟོང་ལོ་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལོ་ངོ་60སོང་ཚུན། ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། སྤྱི་ཚོགས་བརྟན་ལྷིང་ཞི་མཐུན་དང་ཐུན་མོང་ཡར་ཐོན། དམངས་འཚོ་ལེགས་བཅོས་གོམ་སྟབས་ཆེན་པོས་ཕྱོགས་པ། སྐྱེ་ཁམས་སྲུང་སྐྱོང་བབ་བསྟུན་རིམ་འཇུག མཐའ་བརྟན་མཐའ་དར་སྐུལ་སྤེལ་ནུས་ལྡན། ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཅས་མངོན་འགྱུར་ཐུབ་ཡོད།

ལུའོ་ཏུང་ལེའང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་ཟབ་དམིགས་ཏེ། འཛུགས་གཏོད་བཞིར་སྐུལ་འདེད་ཤུགས་ཆེན་དང་མདུན་གྲལ་དུ་སླེབས་དགོས་པ་བཞི་ཧུར་ཐག་ཐུབ་པ་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་འཛུགས་སྐྲུན་གྱི་ངོ་མཚར་ཆེ་བའི་ལེའུ་འབད་པ་ཆེར་སྐྱེད་ཀྱིས་རྩོམ་དགོས།

ཚོགས་འདུའི་ཐོག མཱ་ཝུན་ཅུན་སོགས་འཐུས་ཚབ་མི་སྣ་བཞིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ཞེས་པའི་བརྗོད་དོན་གཙོ་བོར་མཐའ་བསྐོར་ཐོག ལོ་ངོ་60ཡི་རིང་ལྷོ་ཁའི་ཕྱོགས་ཁག་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་མ་འོངས་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་འདུ་འགོད་ལ་གཞིགས་ནས་མྱོང་ཚོར་ལྷུག་གླེང་བྱས་པ་རེད།།

བསོད་དོན་གྱིས་བསྒྱུར། བསོད་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:专版
ཏང་གི་བཀའ་དྲིན་སེམས་ལ་བཅངས། ལོ་ངོ་དྲུག་ཅུར་བསྟོད་གླུ་འབུལ།
ལྷོ་ཁ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།
གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུད་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་ལོའི་བྱ་སྤྱོད་སྤེལ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་བསྐོང@
ངལ་གསོའི་དུས་ཁོམ་གྱི་སྒྲོག་འགྲེལ།
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་འཚོགས་པ།