འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ངེད་གྲོང་ཁྱེར་གྱིས་དབྱི་ཕ་དྲོ་སྐྱིད་སྡོད་ཁང་དང་ཤིན་པའོ་སྡོད་ཁང་གི་ཁང་བདག་ལ་གཏན་ནོར་ཁེ་དབང་ལག་ཁྱེར་ཁག་དང་པོ་གཅིག་སྡུད་ཐོག་སྤྲད་པས་གཏན་འཇགས་རྒྱུ་ནོར་དབང་ཆ་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྔར་བས་འགན་ལེན་ཐུབ་ཡོད་པ་རེད།
ལག་ཁྱེར་ལེན་པ་དང་མིང་རྟགས་འགོད་པ་བརྒྱུད། ས་གནས་ས་ཐོག་དུ“དེབ་དམར་པོ”88ཁང་བདག་གི་ལག་ཏུ་སྤྲད་པས་ཁང་བདག་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།
དུས་ཡུན་རིང་པོའི་ནང་དབྱི་ཕ་དྲོ་སྐྱིད་སྡོད་ཁང་དང་ཤིན་པའོ་སྡོད་ཁང་གི་གྲུབ་ཆ་གཙོ་བོ་གཅིག་མཐུན་མེད་པ་དང་ཤོང་ཚད་ལས་བརྒལ་བ། སྔོ་འགྱུར་ཚད་གཞི་ལོན་མེད་པ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་གཏན་ནོར་ཁེ་དབང་གི་ལག་ཁྱེར་གཉེར་ཐབས་བྲལ་ནས་ལོ་དགུའི་རིང་"ལག་ཁྱེར་གཉེར་དཀའ་བ"དེ་ཁོང་ཚོའི་"སེམས་ནད་"དུ་གྱུར་ཡོད། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མང་ཚོགས་ཀྱི་རེ་ཞུར་ལན་འདེབས་ཆེད། གྲོང་ཁྱེར་རྩོད་གླེང་ཐག་གཅོད་ལྟེ་གནས་ཀྱི་གྲོང་ཁྱེར་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ནང་ཁུལ་ས་ཁང་ཁེ་དབང་ལག་ཁྱེར་སྐོར་གྱི་ཡིག་བསྐུར་ངོ་བཅར་དང་འབྲེལ་བའི་གནད་དོན་འབུར་ཐོན་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་། སྣེ་གདོང་ཆུས་གཏན་ནོར་ཐོ་འགོད་ལྟེ་གནས་སོགས་སྡེ་ཚན་གྱིས་ལྷག་པའི་གནད་དོན་ལ་དམིགས་ནས་གྲོས་མོལ་དང་ཞིབ་འཇུག་བྱས་པ་དང་། འདུམ་འགྲིག་བྱ་ཐབས་དང་གྲོས་འགོ་བཏོན་པ་དང་འབྲེལ་ལག་ཁྱེར་དང་ཁྲལ་འཇལ་ལོགས་དབྱེ་དང་མང་ཚོགས་ལ་ནོར་འཛོལ་མེད་ཚེ་ལག་ཁྱེར་གཉེར་བའི་ལས་ཀའི་རྩ་དོན་གཞིར་བཟུང་ལག་ཁྱེར་གཉེར་བའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད།
ཁང་བདག་པ་སངས་ཚེ་རིང་གིས། དེ་ནི་ལག་ཁྱེར་གཅིག་སྤྲད་པ་ཙམ་མ་ཡིན་པར་སྲིད་གཞུང་གིས་དམངས་ཆེད་སྲིད་སྐྱོང་བའི་འདུ་ཤེས་གསོན་ཉམས་ལྡན་པའི་ངང་མཚོན་པ་ཞིག་ལོས་རེད། འདིར་ངས་ཁང་བདག་ཡོངས་ཀྱི་ཚབ་ཞུས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཆུ་གསུམ་རྫོང་ཧྥང་ཡོན་མ་འཇོག་ཚད་ཡོད་ཀུང་སིའི་འགན་འཁུར་བ་བདེ་སྐྱིད་ཀྱིས། སྡོད་ཁང་གི་གཏན་ནོར་ཁེ་དབང་ལག་ཁྱེར་གཉེར་བའི་ལས་དོན་ལེགས་གྲུབ་བྱུང་བ་དེས་མང་ཚོགས་དང་ཁེ་ལས་ཀྱི་ལོ་མང་རིང་གི་དཀའ་ངལ་ཐག་གཅོད་ཐུབ་ཡོད། གཞུང་ཁོངས་ཁེ་ལས་ཤིག་ཡིན་པའི་ངོས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱིས་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱ་རྒྱུ་ཡིན་ཞེས་བརྗོད་དོ། ཡེ་ཤེས་བཟང་མོས་བསྒྱུར། བསོད་དོན་དང་བདེ་དཔལ་གྱིས་ཞུས།