འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ངེད་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕྱོགས་བསྡོམས་ནན་ཏན་ལས་བྱུང་བའི་བྱ་ཐབས་བཟང་པོ་དཔྱད་གཞིར་བཟུང་ནས། དམིགས་ས་མཐོན་པོས་སྐུལ་སྤེལ་དང་རིགས་དབྱེའི་ཇུས་བསྟར། གནད་སྨིན་ལག་ལེན་བཅས་ཀྱི་ཐོག་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱས་ཡོད་པ་རེད།
འགག་རྩའི་ཉུང་ཤས་ལ་བལྟོས་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ། གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་རང་དཔེ་གཞན་སྟོན་གྱིས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལས་འགན་མཐའ་དག་སྣེ་ཁྲིད་ཀྱི་ཐོག་ནས་དོན་འཁྱོལ་གནང་ཞིང་། གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་དང་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་རྒྱ་ཆེའི་ཚོགས་འདུ་བསྐོང་འཚོགས་གནང་བ་རེད། གྲོང་ཨུད་རྒྱུན་ཨུད་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭར་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཇི་མ་ཇི་བཞིན་སྣེ་ཁྲིད་ཐོག་ནས་སློབ་སྦྱོང་གནང་བ་རེད། རྫོང་ངམ་(ཆུས། གྲོང་ཁྱེར)ཨུད། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་ཙུའུ་འམ་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་ཚོས་ཀྱང་གྲོང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞིའི་རེ་འདུན་ལ་ཚད་བསྡུར་ཡག་པོ་བྱས་ཏེ། སྣེ་ཁྲིད་ལ་དམ་འཛིན་དང་། དམིགས་ཚད་རེ་འདུན་ལ་རྒྱུས་ལོན། མཐུན་སྦྱོར་གཅིག་འགྱུར་ལ་བཀོད་སྒྲིག་བཅས་ཀྱི་ཐོག་ནས་རིམ་ཁག་ཏང་རྩ་འཛུགས་ཚོས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་དང་། ཆེད་དོན་དཔེ་ཀློག་འཛིན་གྲྭ། སློབ་ཚན་གཅིག་དང་ཚོགས་འདུ་གསུམ། ཏང་གི་གཙོ་དོན་ཉིན་མོ་སོགས་བརྒྱུད་ནས། སློབ་སྦྱོང་གཏིང་ཟབ་དང་ཞིབ་གྲོས་ནན་ཏན་སྤེལ་བ་རེད། གཞི་རིམ་ཏང་ཨུད་ཁག་གི་ཧྲུའུ་ཅིས་གཞི་རིམ་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁུར་བ་ཨང་དང་པོ་ཡིན་པའི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཏེ། རང་ངོས་ནས་འགོ་བཙུགས་ནས་འགོ་ཁྲིད་ཚན་ཁག་གི་སློབ་སྦྱོང་ཞིབ་གྲོས་ལ་དམ་འཛིན་བྱས་པ་དང་འབྲེལ། ཏང་ཀྲེ་པུའུ་ཁག་གི་སློབ་སྦྱོང་སློབ་གསོར་མཛུབ་ཁྲིད་ཀྱིས། ཏང་ཀྲེ་པུའུ་ཁག་གིས་སློབ་སྦྱོང་སློབ་གསོ་ཚད་ལྡན་སྤེལ་རྒྱུར་འགན་ལེན་བྱས་པ་རེད།
གཙོ་གནད་ཚོགས་སྤྱིར་རྒྱུས་ལོན་བྱས་ནས་སློབ་སྦྱོང་སློབ་གསོ་ཀུན་ལ་རྟོགས་པར་བྱས་པ།ཞིང་འབྲོག་ཏང་ཡོན་དང་། ཕྱོགས་འགྲོའི་ཏང་ཡོན། གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཐོག་འཁོད་པའི་ལས་བྱེད་པ་སོགས་གཙོ་གནད་ཚོགས་སྤྱིའི་ཁྱད་གཤིས་ལ་བསྟུན་ནས་སློབ་སྦྱོང་སློབ་གསོའི་ཇུས་གཞི་བཟོས་ཏེ། སློབ་སྦྱོང་སློབ་གསོ་ཆད་ལུས་མེད་པ་དང་ཀུན་གྱིས་རྟོགས་པའི་འགན་ལེན་བྱས་པ་རེད། གྲོང་ཚོའམ་སྡེ་ཁུལ་གྱིས་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས། ཞིང་ཁྱིམ་དཔེ་ཁང་སོགས་བེད་ཡག་པོ་སྤྱད་ཐོག ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ཏེ། ཞིང་འབྲོག་ཏང་ཡོན་ཚོ་དུས་བསྟུན་གྱིས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ད་དུང་། དབྱར་རྩྭ་དགུན་འབུ་འཐུ་ས་དང་། ཕྱུག་འཚོ་མཐའ་མཚམས་སྐོར་ཞིབ་བྱེད་ས་སོགས་སུ་གནས་སྐབས་ཏང་ཀྲེ་པུའུ་བཙུགས་ཏེ་སློབ་སྦྱོང་ལ་དམ་འཛིན་རྒྱུན་མཐུད་བྱས་ཐོག་ཀྲུང་དབྱང་གི་གཏན་འབེབས་དོན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཀུན་གྱིས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ཕྱོགས་འགྲོའི་ཏང་ཡོན་མི་གྲངས་1300ལྷག་ཕྱོགས་ལ་འགྲོ་སའི་དེ་གའི་ཏང་རྩ་འཛུགས་ཀྱི་དོ་དམ་ནང་བཅུག་སྟེ། སློབ་སྦྱོང་ནང་ཞུགས་པ་མ་ཟད་སློབ་སྦྱོང་ཞིབ་གྲོས་སྤེལ་རེས་ནང་ཞུགས་པ་རེད། ཕྱོགས་འགྲོའི་ཏང་ཡོན་གྱི་རང་ཁོངས་ཏང་རྩ་འཛུགས་ཀྱིས་ཀྱང་སྦྲག་སྲིད་བརྒྱུད་ནས་ཁོང་ཚོར་དཔེ་དེབ་བསྐུར་བ་མ་ཟད། དྲ་ཐོག་འཕྲིན་ཕྲན་བེད་སྤྱད་ནས་འབྲེལ་གཏུག་ཚོགས་པ་བཙུགས་ཏེ། སློབ་སྦྱོང་དཔྱད་ཡིག་བསྐུར་ནས་ཕྱོགས་འགྲོའི་ཏང་ཡོན་གྱི་སློབ་སྦྱོང་ལ་འཐུས་ཤོར་མེད་པའི་འགན་ལེན་བྱས་ཡོད། གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པར་བལྟོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་འདི་ཉིད་སློབ་ཚན་དང་པོར་བརྩིས་ནས་སློབ་སྦྱོང་ལག་བསྟར་གྱི་སྒྲོ་གུ་དང་པོ་ལྟ་བུ་ཡག་པོ་བརྒྱབ་ཡོད། བཞུགས་མོལ་ཚོགས་འདུ་དང་སྲིད་འཛིན་གླེང་མོལ་སོགས་བརྒྱུད་ནས་ན་གཞོན་ལས་བྱེད་པས་ཏང་ལ་གོང་བཀུར་ལྷག་བསམ་དང་དད་འདུན་བཙན་པ། ཆུ་ཚོད་བརྒྱད་ཀྱི་ཕྱིའི་སྲིད་གཙང་འགག་སྒོ་ནན་སྲུང་བཅས་ཡོང་རྒྱུར་ཁྲིད་སྟོན་བྱས་པ་རེད། འགག་རྩའི་ལས་གནས་ཐོག་གི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་ཨུད་དམ་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་འཆད་ཁྲིད་སོགས་ཀྱི་ནང་ཞུགས་སུ་བཅུག་སྟེ། ཁོང་ཚོའི་སྲིད་གཙང་རང་གཅུན་གྱི་འདུ་ཤེས་མཐོར་འདེགས་ལ་རོགས་རམ་བྱས་པ་རེད།
ཁྱབ་ཁོངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱས་ནས་དམིགས་ས་འབེན་བཙུགས་ཐོག་འཁེལ་བའི་ཤུགས་སྣོན་རྒྱག་པ།ལས་རིགས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་ནུས་པ་འདོན་སྤེལ་བྱས་ཏེ། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། ལས་ཁྱུར་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་སོགས་ཁྱབ་ཁོངས་ཀྱི་སློབ་སྦྱོང་སློབ་གསོར་སྒོ་ལྕགས་གཅིག་ལ་ལྡེ་མིག་གཅིག་གི་དཔེ་བཞིན་མཛུབ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་པ་རེད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་ཨུད་ཀྱིས་གཙོ་འགན་གཙོ་ལས་ལ་གཞི་རྐང་ཚུགས་པ་བྱས་ཏེ། གྲོང་ཁྱེར་ཐད་གཏོགས་ཚན་པ་60ལྷག་དུ་སྐོར་བསྐྱོད་བྱས་ནས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་གནས་ཚུལ་ཟུར་ཉན་བྱས་ཐོག གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་དང་ཚན་ཁག་ཁོངས་མིས་སློབ་སྦྱོང་སློབ་གསོའི་ཁ་གང་ལིང་ཚེ་ཨང་དང་པོ་འདྲ་བ་འདི་དང་ལྷན་འགྲོགས་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་བྱས་པ་རེད། གྲོང་ཨུད་སློབ་གསོ་ལས་ཨུད་ཀྱིས་སློབ་སྦྱོང་སློབ་གསོ་འདི་ཉིད་སློབ་འཁྲིད་ལས་དོན་དང་ཟུང་འབྲེལ་ཡག་པོ་བྱས་ཏེ། ཏང་སྲོལ་སྲིད་སྲོལ་དང་། དགེ་རྒན་ཀུན་སྤྱོད། སློབ་སྲོལ་སྦྱོང་སྲོལ་བཅས་ཀྱི་འཛུགས་སྐྱོང་དང་གཞི་གཅིག་ཅན་ཐོག་ནས་སྐུལ་འདེད་བཏང་ཡོད་པ་མ་ཟད། ཏང་ཡོན་དགེ་རྒན་ཚོས་སྤྱོད་ཚུལ་འཛུགས་སྐྱོང་འདི་ཉིད་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། ཏང་ཆེད་མི་སྣ་གསོ་སྐྱོང་གི་བསམ་བློའི་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད། གྲོང་ཨུད་རྒྱལ་དབང་ཁེ་ལས་ཨུད་ཀྱིས་སློབ་སྦྱོང་སློབ་གསོ་འདི་ཉིད་རྒྱུན་གཏན་ཏང་འཛུགས་སྐྱོང་ལས་དོན་གྱི་ལྟ་སྐུལ་ཁྲིད་སྟོན་དང་ཁེ་ལས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲེ་པུའུ་42ཡི་སློབ་སྦྱོང་ཡོངས་ཁྱབ་ལ་ཁྲིད་སྐུལ་བྱས་ཡོད་པ་རེད། གྲོང་ཨུད་གསར་གཉིས་ལས་ཨུད་ཀྱིས་དྲ་ཐོག་དང་ས་ཡུལ་དངོས་གཉིས་ཟུང་འབྲེལ་དམ་པོས། ལས་ཞུགས་ཚོགས་སྤྱིའི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་འབབ་ཚུགས་བེད་ཡག་པོ་སྤྱད་དེ། སློབ་སྦྱོང་གཅིག་དང་ཚོགས་འདུ་གསུམ་དང་ཏང་གི་གཙོ་དོན་ཉིན་མོ་སྤེལ་ཐེངས་སོགས་བརྒྱུད་ནས། དབང་གྲགས་ལྡན་པའི་དྲ་ཐོག་ལས་སྟེགས་ཐོག་བསྐུར་ཟིན་པའི་སློབ་སྦྱོང་ནང་དོན་བརྒྱུད་བསྒྲགས་བྱས་པས་ཏང་ཡོན་500ལྷག་གིས་ཤེས་དགོས་སྦྱོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད། གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུད་ཀྱིས་ཁྲེང་ཏུའུ་རུ་བཅའ་སྡོད་ལས་བྲལ་ལས་ཁྱུར་དང་རྒན་ཡོལ་ཏང་རྩ་འཛུགས་སྒྲིག་འཛུགས་བྱས་ནས་ཀྲེ་པུའུ་ཧྲུའུ་ཅིའི་འཆད་སྟེགས་ལ་འབོད་པའི་བྱེད་སྒོ་སྤེལ་ཞིང་། ཧྲུའུ་ཅི་4ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་མཐའ་བསྐོར་ནས་མྱོང་ཚོར་མཉམ་སྤྱོད་དང་བསམ་གྲོས་སྤེལ་རེས་བྱས་པ་རེད།བསོད་དོན་གྱིས་བསྒྱུར། ཡེ་བཟང་དང་བདེ་དཔལ་གྱིས་ཞུས།