第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ།
ཁང་པའི་ལག་ཁྱེར་རག་པས་མང་ཚོགས་ཀྱི་ ངོ་གདོང་ནས་འཛུམ་མདངས་འཕྱུར།
ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལོ་འདི་གའི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་པར་རམ་འདེགས་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྩོན་པ།
| 山南网首页 |
2025年4月25日 星期
下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་སྐོང་འཚོགས་གནང་ནས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་སྐོང་འཚོགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་འབྲེལ། ངེད་གྲོང་ཁྱེར་གྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་མཐའ་འཁོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས"རྒྱུད་གཅིག་ལམ་གཅིག"དང་"ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ""ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ"སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་ཧུར་ཐག་ཞུགས་ཏེ། སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས་སྒྲིག་སྲོལ་ལྡན་པའི་ངང་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། དངོས་ཟོག་ཕྱིར་འདྲེན་གྱི་ལས་དོན་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་ཕྱོགས་ལ་ཞིབ་འཇུག་བྱས་ནས་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚོང་འདུས་སོགས་ཀྱི་ལས་སྟེགས་ཡག་པོ་བསྐྲུན་ནས་སྒོ་དབྱེའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འགྲོ་འོང་དང་སྤེལ་རེས་ཇེ་ཟབ་ཏུ་བཏང་སྟེ། སྤེལ་རེས་ཀྱི་སྟེགས་བུ་ཡག་པོ་སྤྱོད་དགོས། ཕྱི་ཕྱོགས་དང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་བར་མཐོངས་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་ལས་ཀྱི་དྲ་བ་ཚགས་ཚུད་པོ་བཟོས་ནས། ལྷོ་ཁའི་གཟུགས་བརྙན་དང་གྲགས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས་མཐའ་སྟོབས་མཐའ་བརྟན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས།

ཚོགས་འདུའི་ཐོག 2024ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། 2025ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུས་ནན་བཤད་བྱས་དོན། དཔྱད་ཞིབ་ཀྱི་བཀོད་འདོམས་ལ་སྟངས་འཛིན་ནན་པོ་བྱས་ཏེ། དོན་ཆེན་བཞིར་དམ་ཟབ་དམིགས་པ་དང་འཛུགས་གཏོད་བཞིར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱིས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དཔྱད་ཞིབ་ལ་བརྟེན་ནས་ལས་སྒྲུབ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱེད་དགོས། ཚན་རིག་དང་མཐུན་ལ་དཔྱད་ཞིབ་ཚད་ལྡན་བྱེད་དགོས་པ་མ་ཟད། དཔྱད་ཞིབ་ལས་དོན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་སྔར་བས་ལེགས་སུ་བཏང་ཐོག དཔྱད་ཞིབ་ལས་དོན་གནད་འཕིགས་ཅན་དང་ཁྱད་པར་ཅན་དུ་འགྱུར་བའི་འགན་ལེན་བྱེད་དགོས། དཔྱད་ཞིབ་བྱས་འབྲས་བཀོལ་སྤྱོད་བྱེད་པར་དོ་སྣང་ཆེན་པོ་བྱས་ཏེ། དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་འདེམས་སྤྱོད་དང་། ཕུལ་བྱུང་སྔོན་ཐོན་བདམས་ཐོན། འགན་འཁྲི་རྩད་གཅོད་དང་བདའ་འདེད་སོགས་དང་ཟུང་འབྲེལ་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱེད་པའི་མི་སྣ་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་གསལ་སྟོན་བརྒྱུད། ལས་བྱེད་པའི་ལས་བཀུར་སྙིང་སྟོབས་དང་ལས་སྒྲུབ་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས།

ཚོགས་འདུས་ད་དུང་དེ་མིན་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།

ཡེ་ཤེས་བཟང་མོས་བསྒྱུར། བསོད་དོན་དང་བདེ་དཔལ་གྱིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ།
ཁང་པའི་ལག་ཁྱེར་རག་པས་མང་ཚོགས་ཀྱི་ ངོ་གདོང་ནས་འཛུམ་མདངས་འཕྱུར།
ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལོ་འདི་གའི་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་པར་རམ་འདེགས་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྩོན་པ།