འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གོང་དཀར་རྫོང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་འགོ་ཚུགས་པ་རེད།
གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྲེང་གཡུས་ཀྱིས་གསུང་བཤད་གནང་།
ཚོགས་འདུས་ནན་བཤད་བྱས་དོན། སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་བྱར་དམིགས་པ་དང་། དམིགས་ཚད་དང་བླང་བྱར་བལྟོས་ནས། སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པ་བྱེད་དགོས། སློབ་སྦྱོང་ཞིབ་གྲོས་དང་གནད་དོན་འཚོལ་ཞིབ། གཅིག་བསྡུས་བཅོས་སྐྱོང་། སྒོ་འབྱེད་སློབ་གསོ་བཅས་ཟུང་འབྲེལ་བྱས་ཏེ་མཉམ་འདྲེས་དམ་ཚགས་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་བྱེད་ཤུགས་ཡོད་པ། ལེགས་བཅོས་ལ་ཕན་འབྲས་ཡོད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱ་དགོསཔ་བཅས་སོ།།
བདེ་དཔལ་གྱིས་བསྒྱུར། བཟང་མོས་ཞུས།