འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས། གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར་དང་འབྲེལ་ཡོད་གསུང་བཤད་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ།བརྙན་ཕབ་སློབ་ཁྲིད་བལྟས་པ་རེད།
གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་གཙོ་སྐྱོང་གནང་།
ཕན་ཀང་ཕིང་གིས་བླང་བྱ་བཏོན་གནང་དོན། དཔེ་ཀློག་འཛིན་གྲྭ་གཉེར་རྒྱུ་ནི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་གྱི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ་ཇི་མ་ཇི་བཞིན་སློབ་སྦྱོང་དང་། བྱེད་སྟངས་གསར་གཏོད་ཀྱི་སློབ་སྦྱོང་། གནད་དོན་ལ་དམིགས་ནས་སློབ་སྦྱོང་བཅས་བྱེད་དགོས། སྦྱངས་པ་གོ་ཆོད་ཀྱིས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་གཙང་ལ་སྐུལ་འདེད། སློབ་སྦྱོང་ལ་བརྟེན་ནས་ལག་ལེན་བསྟར་བ་བཅས་བྱས་ཐོག་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་སྤྱོད་གཙང་རང་གཅུན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཐོན་པ་བྱེད་དགོས་པ་དང་། ཇི་ལྟར་བྱས་ཏེ་བསྒྲུབ་དགོས་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་བཅས་སོ།
བདེ་དཔལ་གྱིས་བསྒྱུར། བསོད་དོན་གྱིས་ཞུས།