第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་བཀོད་སྒྲིག་བྱས་པ།
ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་ 170བསྐྲུན་རྒྱུ་ཡིན་པ།
ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།
| 山南网首页 |
2025年4月2日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱི་ས་གནས་ཁག་གིས།
ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།
 

འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉིན་ཤས་བསྟུད་མར། ངེད་གྲོང་ཁྱེར་གྱི་ས་གནས་ཁག་གིས་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

སྣ་དཀར་རྩེ་རྫོང་གིས་ཡར་འབྲོག་རིག་གནས་ཡུལ་སྐོར་ཐང་ཆེན་དུ་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོ་དང་། རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ། རིག་རྩལ་སྟོན་མོ་གཟབ་རྒྱས་བཤམས་པ་དང་། རྫོང་ཐད་གཏོགས་ཚན་པ་ཁག་གིས་གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་བཙུགས་པ། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། སྲིད་ཇུས་གསལ་འགྲེལ། རིན་མེད་སྨན་བཅོས། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་“1+3”འདུ་ཤེས་བཞིའི་ཞིབ་ཕྲའི་ནང་དོན་དྲིལ་བསྒྲགས་བྱས་པ། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་དང་《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》གི་འབྲེལ་ཡོད་ནང་དོན་ཁྱབ་གདལ་བཏང་བ། འཕྲོད་བསྟེན་བདེ་ཐང་འགོག་སྲུང་སོགས་ཀྱི་ཤེས་བྱ་གསལ་འགྲེལ་སོགས་བྱས་ཏེ། མང་ཚོགས་ཚོས་ད་ཐེངས་ཀྱི་བྱེད་སྒོའི་ཤེས་ཚད་དང་ཞུགས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཤེས་དཔལ་གྱི་གསོན་ཤུགས་སྦྱིན་ཡོད་པ་རེད།

ལྷོ་བྲག་རྫོང་གིས་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་བཀོད་སྒྲིག་བྱས་ཐོག། ལས་རིགས་དང་ས་ཁོངས། ཚན་པ་སོགས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གྱིས་བྱེད་སྒོའི་ནང་དོན་ཞིབ་བཟོ་དང་།ཕུན་སུམ་ཚོགས་སུ་གཏོང་བ་སོགས་བྱས་ནས། དམིགས་སའི་རང་བཞིན་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཐོག། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མི་སེམས་སུ་ཟུག་པ་བྱས་པ། ངོ་མཚར་ཆེ་བའི་ལྷོ་བྲག་ཞེས་སུ་འབོད་པའི་འཕྲིན་ཕྲན་སྤྱི་སྟེགས་དང་ལྷོ་བྲག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཁྱུག་དབྱིངས་སྟེགས་བུའི་ནུས་པ་འདོན་སྤེལ་གྱིས། དྲ་ཐོག་དང་དྲ་ཕྱི་གཉིས་ཟུང་འབྲེལ་གྱིས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་འཕེལ་རིམ་དང་ཉམས་མྱོང་བྱ་ཐབས། ཕན་འབྲས་སོགས་དྲིལ་བསྒྲགས་གཏོང་སྤེལ་བྱས་ཐོག བྱེད་སྒོའི་བག་ཆགས་འཇོག་ཤུགས་མཐོ་རུ་བཏང་ནས་རྫོང་ཡོངས་སུ་བྱེད་སྒོའི་ཚ་རླབས་འཕྱུར་བ་བྱས་པ། སྔར་བས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་སྒོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད།

མཚོ་སྣ་གྲོང་ཁྱེར་གྱི་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་མཚོ་སྣ་གྲོང་རྡལ་སྒྱི་གསུམ་སྡེ་ཁུལ་དུ་གཉེར་བ་རེད། བྱེད་སྒོའི་ཐོག་རྐང་འཛིན་སྒྲོག་འགྲེལ་པ་བསོད་ནམས་དབྱངས་ཅན་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་བྱས་པ་དང་། དེ་རྗེས། ཚན་པ་ཁག་གིས་རང་ནུས་འགན་འཁྲི་ལྟར་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པ་རེད། ཚང་མས། ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་འཛིན་ནས་རང་ངོས་དང་དོན་ཆུང་ཙག་ཙིག་ནས་འགོ་བརྩམས་ཏེ། སྲོལ་ངན་དོར་བ་དང་ཤེས་དཔལ་གྱི་སྲོལ་བཟང་བཙུགས་ཐོག ཤེས་དཔལ་ལ་དགའ་ཞེན་དང་གྲོན་ཆུང་བསྲི་ཚགས། ཤེས་དཔལ་སྐྱོན་བྲལ་བཅས་ལྡན་པའི་སྤྱི་ཚོགས་ཁོར་ཡུག་མཉམ་དུ་བཏོད་རྒྱུའི་ཆོད་སེམས་བསྟན་པ།

ཆུ་གསུམ་རྫོང་གིས་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་ལས་ཀའི་འཕེལ་རིམ་བརྡ་ཁྱབ་གཏོང་རྒྱུ། གསར་གཏོད་བྱས་པའི་བྱ་ཐབས་ཁག་ཕན་ཚུན་སྤེལ་རེས་མཉམ་སྤྱོད་བྱས་ཐོག ཕྱིས་འབྱུང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་དཔེ་ལྟ་ས་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་པ།

ཟངས་རི་རྫོང་གིས་ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས། བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོ་དང་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་དེ་ནུབ་མཁར་སྡེ་ཁུལ་དུ་འགོ་ཚུགས་པ་རེད། བྱེད་སྒོའི་ནང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཟངས་རིའི་སྲོལ་རྒྱུན་འཁྲབ་ཚན་འབྲས་དཀར་དང་དེང་རབས་ཤེས་དཔལ་སྲོལ་བཟང་དང་བདེ་ཐང་འཚོ་བའི་འདུ་ཤེས་ཟུང་འབྲེལ་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་རིགས་གཞུང་སྒྲོག་འགྲེལ་པ་སྤེན་པ་ཚེ་གྲུབ་ཀྱིས་བྱེད་སྒོའི་གཙོ་དོན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཟུང་འབྲེལ་གྱིས་ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་ཕྱོགས་ཐད་གསལ་འགྲེལ་བརྒྱབ་ནས་གྲོང་མི་ཚང་མས་ཉེ་འགྲམ་གྱི་དོན་ཆུང་ཙག་ཙིག་ནས་ཤེས་དཔལ་སྐྱོན་བྲལ་གྱི་འཚོ་བ་བསྟར་རྒྱུར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་བར་ཁྱམས་དང་བློ་འདྲིའི་སྟེགས་བུ་བཙུགས་པ་དང་། ལས་དོན་མི་སྣས་མང་ཚོགས་ལ་ཤེས་དཔལ་གུས་ལུགས་ལག་དེབ་དང་བདེ་ཐང་འཚོ་བའི་ཕྱོགས་སྟོན་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་མ་ཟད། མང་ཚོགས་ལ་འཕྲད་པའི་ཤེས་དཔལ་བྱ་སྤྱོད་དང་བདེ་ཐང་འཚོ་བའི་ཁྲོད་ཀྱི་དཀའ་གནད་སེལ་རོགས་བྱས་པ་རེད།།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་ཡེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་བཀོད་སྒྲིག་བྱས་པ།
ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་ 170བསྐྲུན་རྒྱུ་ཡིན་པ།
ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།