第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་བཀོད་སྒྲིག་བྱས་པ།
ཤེས་དཔལ་ཡར་ཐོན་གྱི་སྲོལ་བཟང་སྐྱོང་ནས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དར་སྤེལ་གཏོང་དགོས་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།
འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་ 170བསྐྲུན་རྒྱུ་ཡིན་པ།
ངེད་གྲོང་ཁྱེར་གྱིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།
| 山南网首页 |
2025年4月2日 星期
下一篇 4 放大 缩小 默认
གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་པུའུ་དོན་ཚོགས་འདུ་འཚོགས་ནས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་བཀོད་སྒྲིག་བྱས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་པུའུ་དོན་ཚོགས་འདུ་སྐོང་འཚོགས་བྱས་ནས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་། ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 《གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་ཀའི་འཆར་ཟིན》ལ་ཞིབ་གཏན་དང་། པུའུ་ཚན་པའི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་།

ཚོགས་འདུས་ནན་བཤད་བྱས་དོན། གཟབ་ནན་དང་བདེན་པ་བདེན་ཐུབ་རྒྱུན་འཁྱོངས་བྱེད་དགོས། དམིགས་ཚད་ལས་འགན་ལ་དམ་འཛིན་བྱེད་པ་དང་། སློབ་སྦྱོང་ཞིབ་བསྡུར་གཏིང་ཟབ་བྱེད་པ། གནད་དོན་འཚོལ་བཤེར་གནད་ལ་འཕིགས་པ་ཡོང་བ་བྱེད་དགོས། གཅིག་སྡུད་བཅོས་སྒྲིག་ནན་པོ། སྒོ་དབྱེའི་རྣམ་པའི་སློབ་གསོ་གསོན་ཉམས་དོད་པ་བཅས་བྱེད་དགོས། གོང་དཔེ་འོག་སྟོན་དང་། དམིགས་ཚད་དང་བསྡུར་བ། ཕུགས་ཕན་ལམ་ལུགས་འཛུགས་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་དམ་དུ་གཏོང་དགོས། པུའུ་དོན་ལས་དོན་ཨུ་ལྷན་གྱིས་གཙོ་གཟུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཚན་པའི་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ནས་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས། དྲིལ་བསྒྲགས་གཏོང་སྤེལ་ལ་མཐོང་ཆེན་གྱིས་གྲོང་ཁྱེར་རིམ་པའི་གཙོ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་བཀོལ་སྤྱོད་ཡག་པོ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་འཛུགས་པ་དང་། དུས་ཐོག་ཏུ་བརྒྱུད་སྤེལ་དང་སྒྲིག་སྒྱུར་བྱས་ནས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་གཏོད་དགོས།

ཡེ་བཟང་གིས་བསྒྱུར། བསོད་མཚམས་ཀྱིས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告