第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་སྟོབས་ཆེན་གྲོང་ཁྱེར་གང་མགྱོགས་བསྐྲུན་ཏེ་གྲོང་ཁ@
གྲོང་ཨུད་ཀྱིས་ལྗོངས་ཏང་ཨུད་སྐོར་ཞིབ་ཀྱིས་ལན་ཆ་བྱས་པའི་བསམ་འཆར་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ད་ལོའི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན་གྱི་ཉིན་རེའི་ཆ་སྙོམས་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་6.2%འཕར་བ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།
| 山南网首页 |
2025年2月19日 星期
3 上一篇  下一篇 4 放大 缩小 默认
གྲོང་ཨུད་ཀྱིས་ལྗོངས་ཏང་ཨུད་སྐོར་ཞིབ་ཀྱིས་ལན་ཆ་བྱས་པའི་བསམ་འཆར་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱིས་ལྗོངས་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་གསུམ་པས་ལན་ཆ་བྱས་པའི་བསམ་འཆར་བཅོས་སྒྲིག་ལས་དོན་དོན་འཁྱོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་《གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་སྙན་ཞུའི》ཐོག་གནང་བའི་མཆན་འགོད་མཛུབ་སྟོན་དང་གྲོང་ཨུད་སྐོར་ཞིབ་བཅོས་སྒྲིག་གཞུང་དོན་ཁང་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་གནས་ཚུལ་དང་། སྐོར་ཞིབ་བཅོས་སྒྲིག་ལྟ་སྐུལ་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ། རྫོང་ཨུད་(ཆུས་དང་གྲོང་ཁྱེར)ཁག་དང་བསམ་ཡས་དགོན་དོ་དམ་ཨུ་ལྷན་ཏང་ཙུའུ་ཡི་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ། ཆེད་དོན་བཅོས་སྒྲིག་ཚོགས་ཆུང་ཁག་གི་གཙོ་གནད་དང་དཀའ་གནད་གནད་དོན་བཅོས་སྒྲིག་དོན་འཁྱོལ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བྱས་ཚུལ་བཅས་གྱི་སྙན་ཞུ་གསན་པ་རེད།

གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་ཨུད་སྐོར་ཞིབ་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་བསྟན་འཛིན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

གྲོང་ཁྱེར་འགོ་ཁྲིད་བསྟན་འཛིན་དང་། ལི་ཡཱ་ཞང་། བཀྲ་ཤིས་ཕུན་ཚོགས། ལིའུ་ཧྲེང་ཡུས། ཀྲང་ཝུའེ། འཇིགས་མེད། བུ་ཏོག པ་སངས་དངོས་གྲུབ། ཚེ་རིང་། ལིའུ་ཙུང་ཁྲང་། ཚེ་རིང་གཡང་འཛོམས། ཧན་ལེའང་། ལུའོ་ཐན་ཧྭ། མཚམས་གཅོདུ། ལིའུ་ཇད། ཕུན་ཚོགས་བཀྲ་ཤིས་བཅས་ཚོགས་འདུར་ཞུགས།

ཉི་མ་བསྟན་འཛིན་གྱིས་ཆེད་དོན་བཅོས་སྒྲིག་ཚོགས་ཆུང་ཁག་དང་། རྫོང་ཁག(ཆུས་སམ་གྲོང་ཁྱེར)འགན་འཁྲིའི་བཅོས་སྒྲིག་ཚན་པ་ཁག་བཅས་ཀྱིས་དམིགས་ཚད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་དུས་ཚོད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། བཅོས་སྒྲིག་གི་མྱུར་ཚད་མགྱོགས་སུ་གཏོང་བ། ལས་ཡུན་ལྡོག་སྒྲིག་དང་འཆར་གཞི་ལྟར་ལས་དོན་བསྒྲུབས་ཏེ་བཅོས་སྒྲིག་གི་ལས་འགན་ཁག་སྔོན་ཚུད་དུ་སྤེལ་བ་དང་དངོས་སྒྲུབ་ཡོང་བ་བྱེད་དགོས། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ཏེ།གནད་དོན་བཅོས་སྒྲིག་བྱེད་པར་སྙིང་རྗེ་མི་བྱེད་པ་དང་། རྒྱལ་ཁ་ཡོངས་སུ་མ་ཐོབ་བར་མཚམས་མི་འཇོག་པའི་འགན་འཁྲི་འཁུར་བ། བཅོས་སྒྲིག་གི་གོམ་སྟབས་བརྟན་དུ་གཏོང་བ། དམ་འཛིན་བྱས་ཕྱིན་དམ་འཛིན་མཐའ་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་འཛུགས་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། དམིགས་ཚད་མི་འགྱུར་བ་དང་ཚད་གཞི་དམའ་རུ་མི་གཏོང་བ་མཐའ་འཁྱོངས་བྱས་ནས། བཅོས་སྒྲིག་གི་ལས་འགན་ཁག་གཡོ་ཟོལ་སྤུ་ཙམ་མེད་པར་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱ་དགོས། བཅོས་སྒྲིག་ལས་དོན་གྱི་དགོས་གཏུགས་རང་བཞིན་ཆེ་རུ་བཏང་ནས་གྲོང་ཨུད་ཀྱི་སྤྱི་ཡོངས་ཇུས་གཞིའི་ནང་ཁ་གསལ་བཟོས་པའི་བྱེད་ཐབས་ཁག་དང་བསྡུར་བ་ནན་པོ་བྱས་ཐོག་དུས་ཚོད་དམ་འཛིན་གྱིས་དུས་དང་རྣམ་པ་ཀུན་ཏུ་རྩིས་ཐོ་དང་ཞིབ་བསྡུར་བྱས་ནས་རྗེས་བསྙེག་ཐུབ་པ་བྱ་དགོས། མི་སྣའི་སྟོབས་ཤུགས་ངེས་ཅན་སྤྱད་དེ་བཅོས་སྒྲིག་ལ་རྒྱུན་མཐུད་འགག་སྒྲོལ་ཡོང་བ་དང་། གང་ཐུབ་ཅི་ཐུབ་ཀྱིས་བཅོས་སྒྲིག་ལས་དོན་ལ་འགན་འཁུར་མཁན་འགོ་ཁྲིད་དང་འབྲེལ་གཏུག་བྱེད་མཁན་མི་སྣ་རྣམས་འགྱུར་བ་མེད་པ་བྱས་ཏེ་བཅོས་སྒྲིག་ལས་དོན་དེ་ཉིད་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡོད་པ་དང་། བཅོས་སྒྲིག་ལས་དོན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། རྫོང་(ཆུས་སམ་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།།

བསོད་བསྟན་དང་མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告