第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་སྟོབས་ཆེན་གྲོང་ཁྱེར་གང་མགྱོགས་བསྐྲུན་ཏེ་གྲོང་ཁ@
གྲོང་ཨུད་ཀྱིས་ལྗོངས་ཏང་ཨུད་སྐོར་ཞིབ་ཀྱིས་ལན་ཆ་བྱས་པའི་བསམ་འཆར་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ད་ལོའི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན་གྱི་ཉིན་རེའི་ཆ་སྙོམས་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་6.2%འཕར་བ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།
| 山南网首页 |
2025年2月19日 星期
3 上一篇  下一篇 4 放大 缩小 默认
ད་ལོའི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན་གྱི་ཉིན་རེའི་ཆ་སྙོམས་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་6.2%འཕར་བ།
 
མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ལམ། གསར་འགོད་པས་ཚོང་དོན་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོང་དོན་གྲངས་གཞི་ཆེན་པོས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན།“2025ལོའི་རྒྱལ་ཡོངས་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན”གྱི་བྱེད་སྒོ་སྤེལ་རིང་། རྒྱལ་ཡོངས་ཀྱི་དྲ་ཐོག་གི་ཉིན་རེའི་ཆ་སྙོམས་སིལ་འཚོང་དངུལ་འབོར་དུས་མཚུངས་ལས་6.2%འཕར་ནས་2025ལོའི་དྲ་ཐོག་འཛད་སྤྱོད་ཀྱི་འགོ་ཡག་པོ་བཙུགས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དྲ་ཐོག་གི་ལོ་གསར་མཁོ་ཆས་དུས་ཆེན་ལ་བཀྲག་མདངས་འཚེར་ས་མང་པོ་ལྡན་པ་སྟེ།

གཅིག་ནས་སྲིད་ཇུས་ཀྱིས་འཕར་སྣེ་གསར་པ་ཐོན་པར་སྐུལ་ཁྲིད་བྱས་ཤིང་། རྙིང་པ་གསར་བརྗེས་ལ་བརྟེན་ནས་མཐའ་སྐོར་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་ཀྱི་ཕན་པ་མགྱོགས་མྱུར་མངོན་ཡོད། ཕོར་ཁྲུས་འཕྲུལ་འཁོར་དང་ཆུ་དྭངས་འཕྲུལ་ཆས་ཀྱི་དྲ་ཐོག་ཕྱིར་ཚོང་དངུལ་འབོར་71.8%དང་47.4%སོ་སོར་འཕར་ཡོད། ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”རྒྱ་སྐྱེད་པ་སོགས་དགེ་མཚན་ལྡན་པའི་སྲིད་ཇུས་ཀྱིས་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་ཡོད། དྲ་ཐོག་ཡུལ་སྐོར་གྱི་ཕྱིར་ཚོང་དངུལ་འབོར་35.2%འཕར་བའི་ནང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་ཚད་72.3%འཕར་ཡོད།

གཉིས་ནས་མངོན་མིན་རིག་གནས་ཤུལ་བཞག་གིས་དར་སྲོལ་གསར་པ་ཆགས་པར་སྐུལ་ཁྲིད་བྱས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་དང་དམངས་སྲོལ་ཡུལ་སྐོར་གླིང་སོགས་ཡུལ་སྐོར་ཐོན་རྫས་ཧ་ཅང་བྲིན་པོ་བྱུང་ནས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། དྲ་ཐོག་ཕྱིར་ཚོང་དངུལ་འབོར་407.7%དང་109.8%སོ་སོར་འཕར་ཡོད།

གསུམ་ནས་སྤུས་ཚད་ཀྱིས་མཁོ་སྤྲོད་གསར་པ་ལེགས་སུ་གཏོང་བར་སྐུལ་ཁྲིད་བྱས་ཤིང་། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་སྐྱེ་ལྡན་བྲོ་རྫས་དང་སྐྱེ་ལྡན་འོ་མའི་ཕྱིར་ཚོང་དངུལ་འབོར་81.5%དང་44.4%སོ་སོར་འཕར་ཡོད། གོ་ལ་ཧྲིལ་པོའི་ཅ་དངོས་སྤུས་ལེཊ་ལ་དགའ་བསུ་ཐོབ་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨེ་ཤེ་ཡ་དབུས་མ་སོགས་ཀྱི་ཐོན་རྫས་སྤུས་ལེཊ་ཀྲུང་གོའི་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ་ཐ་ལིའི་ཁྲོག་ལེའི་བྱི་རིལ་དང་མ་ལེ་ཞི་ཡའི་ཏན་ཞིམ་སོགས་ཁྱད་ལྡན་ཚོང་ཟོག་ལོ་གསར་གྱི་མཁོ་ཆས་གསར་པར་གྱུར་ཡོད།

བཞི་ནས་དྲ་ཐོག་ནས་ཉམས་ལེན་གསར་པ་མཐོར་འདེགས་ལ་སྐུལ་ཁྲིད་བྱས་ཤིང་། དྲ་ཐོག་བཟའ་བཏུང་གི་ཕྱིར་ཚོང་དངུལ་འབོར་11.8%འཕར་བ་དང་། དཔྱིད་གསར་དུས་ཆེན་གྱི་གློག་བརྙན་ཁྲོམ་ར་འཁྲུག་ཏུ་ཕྱིན་ནས“དྲ་ཐོག་ནས་སྤ་སེ་ཉོས་ཏེ་དྲ་ཕྱི་ནས་གློག་བརྙན་ལྟ་བ”དེས་དྲ་ཐོག་རིག་གནས་རོལ་རྩེད་ཀྱི་ཕྱིར་ཚོང་དངུལ་འབོར་55.5%འཕར་བར་སྐུལ་ཁྲིད་བྱས་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告