第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年2月19日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ད་ལོའི་ལོ་གསར་མཚན་ཚོགས་ ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཡོད་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།བཀྲ་ཤིས་འབྲུག་ལོ་ཕར་ལ་སྐྱེལ། གསེར་རྒྱན་སྦྲུལ་ལོ་ཚུར་ལ་བསུས།

བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ།མི་དམངས་ཡོངས་ཀྱིས་དོ་ཁུར་བྱེད་པའི་2025ལོའི་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱང་འགོ་ཚུགས་ལ་ཉེ།

ལོ་གསར་མཚན་ཚོགས་ཀྱི་ནང་སྦྱོང་བྱེད་ཡུལ་དུ། འཁྲབ་སྟོན་ནང་ཞུགས་མཁན་མི་སྣ་ཚོས་དུས་ཚོད་དམ་འཛིན་གྱིས་སེམས་ནུས་ཡོད་རྒུ་སྤྱད་དེ་རིག་རྩལ་ནང་སྦྱོང་བྱེད་བཞིན་འདུག ཁོ་ཚོས་འཁྲབ་ཁྲིད་དགེ་རྒན་གྱི་སེམས་རྩ་འཁོལ་བའི་མཛུབ་སྟོན་འོག་ལུས་པོའི་འགུལ་སྟངས་དང་། འཁྲབ་སྟངས། རོལ་དབྱངས་དང་བསྟུན་སྟངས་སོགས་བསྒྱུར་རིམ་རེ་རེ་ཡང་སྐོར་བསྐྱར་སྐོར་གྱིས་ནང་སྦྱོང་བྱེད་ཀྱིན་མཚན་ཚོགས་དངོས་འཚོགས་རིང་གར་སྟེགས་ཐོག་འཁྲབ་སྟོན་གྱི་རྣམ་པ་ཡག་ཤོས་དེ་འདོན་ཐུབ་པ་བྱ་རྩིས་ཡོད་པ་རེད།

ད་ཐེངས་ལྷོ་ཁ་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་ཞུགས་ཐུབ་པ་བྱུང་བས་སེམས་ནང་དགའ་མཚོར་ཆེན་པོ་བྱུང་། ང་ཚོ་སྣེ་གདོང་ཆུས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་20ལྷག་ཙམ་ད་རེས་ཀྱི་མཚན་ཚོགས་ནང་ཞུགས་ཡོད་པས་ང་ཚོས་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་བཏོན་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་རིག་རྩལ་སྟོན་མོ་གྱ་ནོམ་པ་བཤམས་རྒྱུ་ཡིན་ཞེས་སྣེ་གདོང་ཆུས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཕུར་བུ་བློ་བཟང་གིས་བརྗོད།

(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད)འཁྲབ་ཁྲིད་པ་བསོད་ནམས་བསྟན་འཛིན་གྱིས། སྟངས་སྟབས་ཀྱིས་འཕྱུག་པའི་ལྷོ་ཁ་ཞེས་པའི་ཞབས་བྲོའི་ནང་བྱིས་པའི་ཞབས་བྲོ་དང་། བུད་མེད་ཚོགས་པའི་ཞབས་བྲོ། དེ་བཞིན་དེང་རབས་དར་ཁྱབ་ཆེ་བའི་གཞི་རྒྱུ་ཁག་གཅིག་བཅས་མཉམ་འདྲེས་བྱས་ཡོད་པ་དང་། དེའི་ནང་ཁྱོན་འཁྲབ་སྟོན་པ་60ཙམ་ཞུགས་ཡོད། ཞབས་བྲོ་དེའི་མཚོན་ཚུལ་གཙོ་བོ་ནི་དེང་རབས་ལྷོ་ཁའི་ན་གཞོན་ཚོགས་སྤྱིའི་གསོན་ཤུགས་དང་ཧུར་བརྩོན་ཡར་རྒྱས་ཀྱི་སེམས་ཁམས་མཚོན་ཅིང་། གཟིགས་མོ་བ་ཚོས་ལྷོ་ཁའི་ན་གཞོན་ཚོགས་སྤྱིའི་ཡར་བརྩོན་གྱི་སེམས་ཤུགས་ཚོར་ཐུབ་པའི་ཆེད་དུ་རེད་ཅེས་བརྗོད།

གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་གཡུ་སྒྲོན་གྱིས། “ད་རེས་ནི་ང་རང་ལྷོ་ཁའི་ལོ་གསར་མཚན་ཚོགས་ལ་ཞུགས་ཐེངས་བཞི་པ་དེ་ཡིན། མ་གཞི་ནང་སྦྱོང་བྱེད་རིང་དཀའ་ལས་ཁག་ཙམ་འདུག་ཀྱང་། ལྟད་མོ་བ་ཚོར་ལྷོ་ཁའི་ངོ་མཚར་ཆེ་བའི་རིག་གནས་སྟོན་མོ་བཤམས་རྒྱུ་དེ། ང་རང་གི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ཡོད་པ་ཞིག་རེད་བསམ་གྱིས། དེར་བརྟེན་ངས་རང་ཉིད་ཀྱི་འཁྲབ་རྩལ་ཡག་ཤོས་འདོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

འདི་ལོ། ལྷུན་རྩེ་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི་《འཁྲུངས་མ་གཞས་བྲོ》ཞེས་པ་དེ་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་འཁྲབ་སྟོན་བྱས་ནས་ཐུན་མོང་མ་ཡིན་པའི་གླུ་ལེན་སྟངས་དང་ཞབས་བྲོའི་འགུལ་སྟངས་ཐོག་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་དབྱངས་ལེན་པ་དང་། དེ་བཞིན་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་རེ་བ་མཚོན་པར་བྱས་ཡོད།

སྤྱི་ཁྱབ་འཁྲབ་ཁྲིད་པ་ཚེ་དབང་བཟང་པོས“ད་ཐེངས་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་དེ་སྔོན་ཆད་དང་མི་འདྲ་ཞིང་། དུས་རབས་གསར་པ་དང་འཕེལ་རྒྱས་གསར་པའི་ལྷོ་ཁའི་མྱུར་ཚད་མངོན་པའི་གླུ་གར་ཞབས་བྲོའི་རིགས་ཀྱི་ལེ་ཚན་ཡོད་པ་མ་ཟད། ད་དུང་གསར་གཏོད་ཀྱི་བཀྲག་མདངས་ལྡན་པའི་ལེ་ཚན་གཞན་དག་ཀྱང་མང་པོ་ཡོད་ལ། སྟབས་སྟབས་ཇུས་འགོད་ལ་ཡང་ལྟད་མོ་བས་རེ་སྒུག་བྱེད་འོས་པ་ཤ་སྟག་ཡིན། ད་ཐེངས་ལྷོ་ཁ་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་གསར་རྩོམ་ཚོགས་པ་དང་འཁྲབ་སྟོན་པ་ཕལ་ཆེར་བ་རྫོང་ཁག་གི་འཁྲབ་སྟོན་པའི་ཁྲོད་ནས་བདམས་འཐེན་བྱས་ཏེ་ལྷོ་ཁ་རང་ངོས་ཀྱི་རིག་གནས་སྒྱུ་རྩལ་ཤེས་ལྡན་མི་སྣ་བརྒྱུད་མཛེས་སྡུག་ལྡན་པའི་ལྷོ་ཁའི་རིག་གནས་རྣམ་པ་མངོན་མཚོན་བྱས་ཡོད”ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལྷོ་ཁའི་བོད་ཀྱི་ལོ་གསར་མཚན་ཚོགས་བོད་ཀྱི་ནང་དོན་གཙོ་བོ“དོན་ཆེན་བཞི”དང་མི་རིགས་མཐུན་སྒྲིལ། དམངས་འཚོ་བཅས་ལ་དམིགས་ནས་བཀོད་སྒྲིག་དང་ནང་དོན་གསར་རྩོམ་བྱས་པ་ཞིག་ཡིན་ཅིང་། ལེ་ཚན་ནང་གླུ་གར་ཞབས་བྲོ་དང་། གཏམ་བརྗོད། དགོད་དྲོའི་གཏམ་སོགས་རིགས་སྣ་ཚོགས་ཚུད་ཡོད་པས་ལྟད་མོ་བ་ཚོས་ལྷོ་ཁའི་ཐུན་མིན་ངོ་མཚར་དང་རིག་གནས་ཀྱི་སྙིང་བཅུད་ཚོར་ཐུབ་པ་ཡོང་རྒྱུ་རེད།།

བསོད་བསྟན་གྱིས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ ཅུད་ཀྲང་ཚོགས་འདུ་འཚོགས་པ།
མེ་སྐྱོན་སྔོན་འགོག
ངེད་གྲོང་ཁྱེར་གྱིས་ད་ལོའི་ལོ་གསར་མཚན་ཚོགས་ ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཡོད་པ།
ཟས་ནི་མི་ཡི་རྟེན་བྱ་ཡིན་པས་ལྷད་བཏང་ན་ག་ལ་འགྲིག