第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2025年2月19日 星期
3 上一篇 放大 缩小 默认
ཟས་ནི་མི་ཡི་རྟེན་བྱ་ཡིན་པས་ལྷད་བཏང་ན་ག་ལ་འགྲིག
--ངེད་གྲོང་ཁྱེར་གྱིས་བཟའ་བཅའི་ལྟ་སྡོམ་དམ་ཚགས་བཟོས་ནས་འབངས་ཀྱི་བཟའ་འཐུང་བདེ་འཇགས་འགན་ལེན་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་འཛད་སྤྱོད་པའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉིན་ཤས་བསྟུན་མར། ངེད་གྲོང་ཁྱེར་གྱིས་ནན་ཤོས་བཞིའི་རྩ་དོན་མཐའ་འཁྱོངས་དང་ཤུགས་སྣོན་བཞིའི་བྱ་ཐབས་ཐོག་ནས་ཆེད་དོན་བྱ་སྤྱོད་སྤེལ་ཏེ། གྲལ་བཤེར་དང་ཉེན་སེལ་རྒྱུན་མཐུད་སྒོ་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོས་བཟའ་བཅའི་བདེ་འཇགས་ཀྱི་སྲུང་རགས་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་གྱིས་འགན་འཁྲི་ནན་དུ་བཏང་བ། བཟའ་བཅའི་བདེ་འཇགས་འགན་ལེན་ལས་དོན་ལ་དམིགས་ཏེ། ངེད་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རིགས་བདེ་འཇགས་གཞུང་ལས་ཁང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ལས་ཀའི་དམིགས་ཚད་དང་འགན་འཁྲི་ཁ་གསལ་བཟོས་ཏེ། ལྟ་སྡོམ་ལ་ཁུག་ཆ་མེད་པར་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ཡོད་པ་རེད། དུས་ཆེན་སྐབས་མང་ཚོགས་ཀྱིས་འཛད་སྤྱོད་ཆེ་བའི་མཁོ་ཟོག་ལ་དམིགས་ནས། བཟའ་བཅའི་ཞིང་འབྲོག་ཐོན་རྫས་དང་། བཟའ་བཅའི་ཐོན་སྐྱེད། བཟའ་བཅའ་བྲིན་ཚོང་། བཟའ་བཏུང་ཞབས་ཞུ། དེ་བཞིན་ཤ་རིགས་སོགས་ཀྱི་ལྷུ་ཚིགས་ཁག་ཞིབ་བཤེར་བྱ་ཡུལ་གཙོ་བོར་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གཙོ་བོའི་བཟའ་བཅའི་བདེ་འཇགས་འགན་འཁྲི་ནན་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད་པ་རེད།

གནད་དོན་གྱི་བྱུང་རྐྱེན་ལ་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་གྱིས་ཁྲོམ་རའི་ཁོར་ཡུག་གཙང་སེལ་བྱས་པ། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཚན་པས་ཞིང་ཟོག་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་ནས། སྔོ་ཚལ་དང་། ཤིང་ཏོག བཟའ་ཤ་སོགས་ཀྱི་ཐོན་སྐྱེད་རྟེན་གཞིར་ཞིབ་བཤེར་བྱས་པ་མ་ཟད། ཞིང་ལས་ཟོན་རྫས་དང་། ཤ་རིགས། སྨན་རྫས་སོགས་བེད་སྤྱོད་བྱས་ཚུལ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཟིན་ཐོ། ཚད་ལོན་དཔང་ཡིག ཞིང་ལས་ཐོན་རྫས(བཟའ་ཤ)སྨན་རྫས་བེད་སྤྱོད་བྱེད་མི་ཆོག་པའི་མིང་གཞུང་། དེ་བཞིན་ལམ་ལུགས་གྱང་ཐོག་བཀལ་ཚུལ་སོགས་ལ་གཙོ་གནད་ཞིབ་བཤེར་བྱས་པ་རེད། ཆབས་ཅིག དུས་ཆེན་སྐབས་ཁྲོམ་རར་མཁོ་དོན་བྱེད་པའི་ཞིང་ལས་ཐོན་རྫས་ལ་ཞིབ་བཤེར་བྱེད་གྲངས་མང་དུ་བཏང་ནས། མང་ཚོགས་ལ་བློ་བདེ་བའི་བཟའ་བཅའ་མཁོ་འདོན་བྱས་ཡོད་པ་རེད།

གཙོ་གནད་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེན་ཁ་འགོག་ཟོན་བྱས་པ། གྲོང་ཁྱེར་ཁྲོམ་རའི་ལྟ་སྡོམ་ཚན་པས་ཁྲིམས་འཛིན་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། བཟའ་བཅའི་ཐོན་སྐྱེད་ཁེ་ལས་དང་། ཞིང་ཟོག་ཁྲོམ་ར། སྒོ་རྩིས་ཚོང་ཁང་། དེ་བཞིན་བཟའ་བཏུང་ཚན་པ་སོགས་གཙོ་གནད་ཞིབ་བཤེར་བྱ་ཡུལ་དུ་བྱས་ཐོག མེད་པ་གསུམ་དང་། དུས་ཚོད་ཡོལ་བ། ངོ་བོ་འགྱུར་བ། བཟའ་བཅའ་རྫུན་མ་སོགས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དང་ཐག་གཅོད་ནན་པོ་བྱས་་མ་ཟད། གསོལ་སྟོན་དང་། ལོ་་གསར་གྱི་ལྷན་འཛོམས་ཞལ་ལག་སོགས་སྐབས་ལྟ་སྐུལ་ཞིབ་བཤེར་བྱེད་ཚད་ལ་ཤུགས་སྣོན་བརྒྱབ་ཏེ། ཟས་རིགས་འཕྲོ་བརླག་གཏོང་བའི་སྣང་ཚུལ་གཏན་འགོག་བྱས་ཐོག སྤྱི་དམངས་ཀྱིས་ལུགས་མཐུན་དང་ཡ་རབས་ལྡན་ངང་བཟའ་བཏུང་མངགས་ཉོ་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ། གྲོན་ཆུང་བསྲི་ཚགས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད་པ་རེད།

དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་གྱིས་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་བ། ངེད་གྲོང་ཁྱེར་གྱིས་དྲ་ཐོག་ནས་འབྲེལ་ཡོད་བརྡ་ཁྱབ་ཁྱབ་བསྒྲགས་བྱས་ཏེ། དྲ་ཐོག་ནས་བཟའ་བཅའ་མངག་ཉོ་བྱེད་པའི་ལས་སྟེགས་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། དྲ་ཐོག་བཟའ་བཅའ་གཉེར་སྐྱོང་བྱེད་ཚུལ་ཚད་ལྡན་དུ་བཏང་བ་དང་། ཞུ་གཏུག་དང་ཐེར་འདོན་གྱི་ཐབས་ལམ་མང་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ། འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་གནད་དོན་དུས་ཐོག་ཏུ་ཐེར་འདོན་ཐུབ་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད་པ་རེད། དེ་མིན། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད། ཐོན་སྐྱེད་གཉེར་སྐྱོང་གཙོ་གཟུགས་ལ་བཟའ་བཅའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས། བཟའ་བཅའི་བདེ་འཇགས་འདུ་ཤེས་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

མིག་སྔའི་བར། ངེད་གྲོང་ཁྱེར་གྱིས་ཁྲིམས་འཛིན་མི་ཐེངས་192བཏང་ནས། བཟའ་བཅའི་གཙོ་གཟུགས་ཚན་པ་566རུ་བསྐྱོད་ནས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་ཁག་86ལ་ཞིབ་བཤེར་བྱས་པ། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་གྱོད་གཞི་63བཏོན་ནས་བཅོས་སྒྲིག་བརྡ་ཐོ་23བསྐུར་བ། དེ་བཞིན་བཟའ་བཅའི་ཁྲིམས་འགལ་གྱོད་གཞི་15ཐོ་འགོད་ཞིབ་བཤེར་བྱས་པ། ཞིང་ལས་ཐོན་རྫས་ཁག་53ལ་ཞིབ་བཤེར་བྱས་པའི་ནང་སྔོ་ཚལ་རིགས་37དང་ཤིང་ཏོག་རིགས་7 དེ་བཞིན་ཤ་རིགས་7སྒོ་ངའི་རིགས་2བཅས་ལ་ཟུར་འཐེན་ཞིབ་དཔྱད་བྱས་པར་ཚད་གཞི་ལོན་ཚད་བརྒྱ་ཆ་100ཟིན་ཡོད་པ་རེད།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ ཅུད་ཀྲང་ཚོགས་འདུ་འཚོགས་པ།
མེ་སྐྱོན་སྔོན་འགོག
ངེད་གྲོང་ཁྱེར་གྱིས་ད་ལོའི་ལོ་གསར་མཚན་ཚོགས་ ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་ཡོད་པ།
ཟས་ནི་མི་ཡི་རྟེན་བྱ་ཡིན་པས་ལྷད་བཏང་ན་ག་ལ་འགྲིག