འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཁོངས་གཏོགས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཏང་ཀྲི་པུའི་རྩ་འཛུགས་འཚོ་བར་ཞུགས་ནས་ཀྲི་པུའུ་ཡི་ཏང་ཡོན་ཚོ་དང་སློབ་སྦྱོང་སྤེལ་རེས་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་པའེ་ཚུན་དང་། ཉིའུ་ཁུན། འཇིགས་མེད། གྲའེ་ཁུན་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག ཏང་ཀྲི་པུའུ་ཡི་ཏང་ཡོན་ཚོས་སློབ་སྦྱོང་གནས་ཚུལ་ལམ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་དང་། ཝང་ཏེ་ཝུན་གྱིས་བློ་མཐུན་ཚང་མའི་གཏམ་བཤད་གསན་རྗེས་ཚང་མ་དང་སྤེལ་རེས་གནང་བ་རེད།
ཁོང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དུས་དང་རྣམ་པ་ཀུན་དུ་བློ་བརྟན་འགྱུར་མེད་ཀྱི་འགན་འཁྲིའི་འདུ་ཤེས་འཛུགས་དགོས་པ། སྤྱི་ཡོངས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། དུས་དང་རྣམ་པ་ཀུན་དུ་གོང་བུ་འགྲིལ་ཤུགས་ལ་དམ་འཛིན་ལྷོད་མེད་བྱེད་དགོས་པ། དུས་ཚོད་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། དུས་དང་རྣམ་པ་ཀུན་དུ་བློས་བཟོད་མི་ཕོད་པའི་འགན་འཁྲིའི་བསམ་པ་འཆང་དགོས་པ། སློབ་སྦྱོང་གི་ལྟ་བ་བརྟན་པོ་བཙུགས་ནས། དུས་དང་རྣམ་པ་ཀུན་དུ་འབད་བརྩོན་ལྷོད་མེད་ཀྱི་སེམས་ཤུགས་ཡོད་དགོས་པ། སྒྲིག་ཁྲིམས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། དུས་དང་རྣམ་པ་ཀུན་དུ་ཐལ་རྡུལ་ཙམ་ཡང་མ་འགོས་པའི་དོགས་ཟོན་ཡོད་དགོས་པ་བཅས་སོ། ཡེ་བཟང་གིས་བསྒྱུར། བསོད་བདེས་ཞུས།