འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཉེ་དུས། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་དང་། གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་སྟོན་དང་དཔྱད་བརྗོད་གནང་བར་ཕེབས་ཡོད་པ་རེད། འཐུས་མི་གཉིས་དང་ཨུ་ཡོན་གཅིག་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཚོགས་འདུ་མ་འཚོག་གོང་སློབ་སྦྱོང་དང་གྲོས་བསྡུར་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་བསྡུ་ལེན་བྱས་ཏེ། སྙིང་གཏམ་དང་གླེང་མོལ་གཏིང་ཟབ་བྱས་ཐོག། མངོན་གསལ་དོད་པའི་གནད་དོན་ནན་ཏན་གྱིས་ཞིབ་བཤེར་བྱས་ནས། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
ཚོགས་འདུས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་གནད་དོན་བརྡ་ཁྱབ་བཏང་བ་རེད། བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཚན་ཁག་གི་ཚབ་ཞུས་ཏེ་ཞིབ་བསྡུར་སྐྱོན་བཤེར་གནང་བ་དང་། ཚན་ཁག་ཁོངས་མི་ཡོངས་ཀྱིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་ཕན་ཚན་སྐྱོན་བརྗོད་བྱས་པ་རེད།
བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཏུ་བརྩིས་ནས། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་རྒྱུར་ཡོང་བ་བྱེད་དགོས། རིགས་གཞུང་གསར་གཏོད་དང་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིགས་གཞུང་གིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་འགན་དང་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་ཤུགས་རྒྱག་དགོས། ཐོག་མཐའ་བར་གསུམ་དུ་གནད་དོན་བཅོས་སྒྲིག་ལ་དམ་འཛིན་བྱས་ནས། རང་ངོས་གསར་བརྗེ་བྱེད་ཕོད་པའི་ཐད་མུ་མཐུད་ཤུགས་རྒྱག་དགོས། མིག་སྔར་དམིགས་པ་དང་ཕུགས་ལ་ཁ་ཕྱོགས་ཏེ། ཉམས་མྱོང་དང་བྱ་ཐབས་ལ་ཕྱོགས་བསྡོམས་བྱས་ནས། དེའི་ཁྲོད་ཀྱི་བཟང་བྱ་བཏོན་ཐོག སྒྲིག་སྲོལ་དང་ལམ་སྲོལ་ཆགས་པ་བྱས་ནས། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས།། ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར། བསོད་བདེས་ཞུས།