第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཚན་ཁག་གིས་2024ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
ཡར་ཀླུང་ཞིང་ས་གཤིན་པོ་རུ། ཐོན་ལས་མེ་ཏོག་རབ་ཏུ་བཞད།
གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་གཞོན་ནུའི་ལས་ཀའི་གྲོང་ཁྱེར་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཚང་གྲོས་ཐེངས་ལྔ་པ་འཚོགས་པ།
| 山南网首页 |
2025年1月15日 星期
3 上一篇 放大 缩小 默认
ངེད་གྲོང་ཁྱེར་གྱིས་གཞོན་ནུའི་ལས་ཀའི་གྲོང་ཁྱེར་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཚང་གྲོས་ཐེངས་ལྔ་པ་འཚོགས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ངེད་གྲོང་ཁྱེར་གྱིས་གཞོན་ནུའི་ལས་ཀའི་གྲོང་ཁྱེར་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཚང་གྲོས་ཐེངས་ལྔ་པ་སྐོང་འཚོགས་བྱས་ནས། འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 2024ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ། ལྷོ་ཁ་གྲོང་ཁྱེར་གྱིས་2024ལོ་ནས་2025ལོ་བར་《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2018ལོ་ནས་2025ལོ་བར)》ལག་བསྟར་བྱེད་པའི་གཙོ་གནད་ལས་དོན་དང་ལག་བསྟར་རྣམ་གྲངས་ཀྱི་རྩིས་ཐོར་གྲོས་ཞིབ་གྲོས་འཆམ་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གཞོན་ནུའི་ལས་དོན་མཉམ་འབྲེལ་གྲོས་ཚོགས་སྐོང་བསྡུ་གནང་མཁན་ཉི་མ་བསྟན་འཛིན་གྱིས་གསུང་བཤད་གནང་བ་རེད།

ཉི་མ་བསྟན་འཛིན་གྱིས་ནན་བཤད་གནང་དོན། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་གཞོན་ནུ་སྐྱོན་བྲལ་འཚར་ལོངས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས་པ། དམིགས་ཚད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། ལས་ཀའི་གཙོ་གནད་ལ་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་གཞོན་ནུའི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཕན་འབྲས་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་《འཆར་འགོད》མཇུག་འགྲིལ་བའི་ལོ་འཁོར་གྱི་འགག་སྒྲོལ་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南