第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལས་དོན་ཁག་དེ་བས་ཞིབ་ཚགས་དང་ཡག་པོ་སྒྲུབ་དགོས།
བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
གྲོང་ཨུད་ཀྱིས་སྤྱི་ཚོགས་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་ས་ཡོམ་གནོད་འཚེ་བྱུང་ཁུལ་དུ་གེགས་སེལ་དངོས་ཟོག་ཐེངས་གསུམ་པ་གཏོང་འདྲེན་བྱས་པ།
ཝང་ཏེ་ཝུན་གྱིས་ཁོངས་གཏོགས་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་2024ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
| 山南网首页 |
2025年1月15日 星期
3 上一篇  下一篇 4 放大 缩小 默认
གྲོང་ཨུད་ཀྱིས་སྤྱི་ཚོགས་ལས་དོན་ཚོགས་འདུ་འཚོགས་པ།
ལི་ཧྥུའུ་ཀྲུང་གིས་གསུང་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་10ཉིན། གྲོང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུ་དེ་སྣེ་གདོང་དུ་འཚོགས་པ་རེད། གྲོང་ཨུད་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། འབད་བརྩོན་ཧུར་ཐག་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཐོག། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་།

ཉི་མ་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བསམ་གྲུབ་ཚེ་རིང་། བསྟན་འཛིན། བཀྲ་ཤིས་ཕུན་ཚོགས། ཕན་ཀང་ཕིང་། ལིའུ་ཧྲེང་ཡུས། ཀྲང་ཝུའེ། ཉིའུ་ཁུན། ཚེ་རིང་གཡང་འཛོམས། བསོད་ནམས་བག་གྲོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ལི་ཧྥུའུ་ཀྲུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པ་དང་། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་དོན་སྙིང་གལ་ཆེན་དང་། རྩ་དོན་གལ་ཆེན། བླང་བྱ་གལ་ཆེན་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། མཉམ་འདྲེས་ཀུན་ཁྱབ་དང་སྦྱངས་པ་བེད་སྤྱོད་བྱས་ཐོག། བསམ་བློ་དང་བྱ་སྤྱོད་དག་ཏང་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་དང་།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཡོངས་ལ་ཁྱབ་ཚུལ་འབུར་དུ་ཐོན་པ་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་མངོན་ཆེར་དམ་འཛིན་བྱས་ཏེ། ཁེ་ལས་གཉིས་དང་། དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གསར་དར་ཁྱབ་ཁོངས་ནང་ཏང་གི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འབུར་དུ་ཐོན་པ་བྱས་ནས་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་སེམས་གཅིག་སྒྲིལ་འབུར་དུ་ཐོན་པ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀ་ཏན་ཏིག་བསྒྲུབས་དགོས།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་བར། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབས་པའི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ་དང་། སྤྱི་ཚོགས་ལས་དོན་སྡེ་ཁག་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་ལས་དོན་གྱི་རྣམ་པ་ཟབ་མོ་བསྐྲུན་དགོས་པ་བཅས་སོ།

ཚོགས་འདུའི་ཐོག་ལྷུན་རྩེ་རྫོང་དང་། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ། སྣེ་གདོང་ཆུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་འཚོགས་པ་རེད། བསོད་ནམས་བསྟན་པས་བསྒྱུར། ཡེ་མཚམས་ཀྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལས་དོན་ཁག་དེ་བས་ཞིབ་ཚགས་དང་ཡག་པོ་སྒྲུབ་དགོས།
བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
གྲོང་ཨུད་ཀྱིས་སྤྱི་ཚོགས་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་ས་ཡོམ་གནོད་འཚེ་བྱུང་ཁུལ་དུ་གེགས་སེལ་དངོས་ཟོག་ཐེངས་གསུམ་པ་གཏོང་འདྲེན་བྱས་པ།
ཝང་ཏེ་ཝུན་གྱིས་ཁོངས་གཏོགས་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་2024ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།