第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ལས་དོན་ཁག་དེ་བས་ཞིབ་ཚགས་དང་ཡག་པོ་སྒྲུབ་དགོས།
བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
གྲོང་ཨུད་ཀྱིས་སྤྱི་ཚོགས་ལས་དོན་ཚོགས་འདུ་འཚོགས་པ།
ངེད་གྲོང་ཁྱེར་གྱིས་ས་ཡོམ་གནོད་འཚེ་བྱུང་ཁུལ་དུ་གེགས་སེལ་དངོས་ཟོག་ཐེངས་གསུམ་པ་གཏོང་འདྲེན་བྱས་པ།
ཝང་ཏེ་ཝུན་གྱིས་ཁོངས་གཏོགས་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པ།
གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཚན་ཁག་གིས་2024ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་སྐོར་གཟིགས་བཅོས་སྒྲིག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
| 山南网首页 |
2025年1月15日 星期
3 上一篇  下一篇 4 放大 缩小 默认
བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།
ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ།
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རི་བོ་ཇོ་མོ་གླང་མས་སྨྲེ་ངག་འདོན། ཆུ་མོ་ཡར་ཀླུང་གཙང་པོས་སྤྱན་ཆབ་བསིལ། ཟླ་1ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་32ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་དང་། དིང་རི་རྫོང་གྲམ་སོ་ཤང་དང་ལྷ་རྩེ་རྫོང་སོགས་སུ་དུས་གཅིག་ཏུ་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་རེད།

ཡན་ཅིན་ཧའེ་དང་། ཀརྨ་ཚེ་བརྟན། དབང་ཧའེ་ཀྲའུ།ལའེ་ཅའོ། རེན་ཝུའེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་།བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ།ཅང་ཝུན་ཧྥུང་སོགས་ཞུགས་ཡོད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐོག་སོ་ལྔ་པའི་གྲོས་ཚོགས་ཁང་གི་རྣམ་པ་སྒམ་བརླིང་ལྡན་པ་དང་། ཝང་ཅུན་ཀྲེང་སོགས་སྒམ་ནན་ངང་གུས་སྟབས་ཀྱིས་བཞེངས་ཤིང་། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཁོང་གིས་ཟླ་1ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད། ང་ཚོ་ཚང་མ་ཡར་ལངས་ནས་ས་ཡོམ་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་རྒྱུའི་གྲོས་འགོ་འདོན་གྱི་ཡིན། ཆུ་ཚོད་9དང་སྐར་མ་32ལ“ཚང་མ་གུས་སྟབས་ཀྱིས་ལངས་ཏེ་མཉམ་དུ་ངག་བསྡམས་ནས་མྱ་ངན་སྐར་མ་3ཞུ་རོགས”ཞེས་གསུངས་པ་དང་བསྟུན་ནས། ཝང་ཅུན་ཀྲེང་སོགས་དལ་བུར་བཞེངས་ནས་སེམས་སྡུག་ཆེན་པོ་གནང་བ་དང་། མྱ་ངན་སྐར་མ་3དང་སྐར་ཆ་180ཞུས། སྐར་མ་3དང་སྐར་ཆ་180ནི་ཚེ་སྲོག་རེ་རེར་བརྩི་བཀུར་དང་གཅེས་འཛིན་བྱེད་པ་ཞིག་ཡིན། སྐར་མ་3དང་སྐར་ཆ་180ཡི་ཐོག་ནས་ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ལྕི་བ་དང་མི་དམངས་ནི་ཐམས་ཅད་ལས་ལྷག་པ་མངོན་གྱི་ཡོད།

ཟླ་1ཚེས་13ཉིན་སྔ་དྲོའི་ཆུ་ཚོད་9དང་སྐར་མ་32ལ། མཁའ་ཟོན་ཉེན་བརྡ་དིང་རི་རྫོང་དང་ལྷ་རྩེ་རྫོང་སོགས་ཀྱི་མཁའ་དབྱིངས་སུ་གྲགས། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་བ་དང་བྲེལ་འཚུབ་ཆེ་བའི་རོགས་སྐྱོབ་དཔུང་ཁག་སྐབས་དེར་ཁ་ཁུ་སིམ་མེར་གནས། གཞི་རིམ་ལས་བྱེད་པ་དང་། དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་ཟོན་འཐབ་འཛིང་པ། སྨན་དོན་མི་སྣ། སྤྱི་ཚོགས་རོགས་སྐྱོབ་མི་སྣ། དང་བླངས་པའི་འཐུས་མི། དེ་བཞིན་གཞི་རིམ་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་གུས་སྟབས་ཀྱིས་ལངས་ནས་མྱ་ངན་ཞུས་པ་རེད།

འདས་པོ་བདེ་བར་གཤེགས། གསོན་མཁན་འབད་པས་བརྩོན། ཚང་མས་འདས་གྲོངས་སུ་སོང་བའི་ཚེ་སྲོག་བརྗེད་མི་སྲིད། སྐྱོ་གདུང་གི་ཁྲོད་རིག་པ་སྒྲིམ་པ་དང་། གེགས་བར་གྱི་ཁྲོད་མདུན་སྐྱོད་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བཅས་ནི་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་གསོ་ཡག་ཤོས་ཤིག་རེད་ཅེས་བརྗོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་བཅས་ཀྱི་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པར་ཚང་མས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南