འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
ཚོགས་འདུས་བསྟན་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཏང་གི་སྒྲིག་ཁྲིམས་
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སློབ་སྦྱོང་སློབ་གསོ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཐོག སྒྲིག་འཛུགས་ཚགས་ཚུད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཁག་ལ་སྐུལ་འདེད་བཏང་བས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།
ཚོགས་འདུས་ནན་བཤད་བྱས་དོན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བའི་ཐད་འབད་བརྩོན་དང་ཕན་འབྲས་དངོས་ཐོན་པར་ཤུགས་རྒྱག་དགོས། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཐོག་ནས་མངོན་པ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ། ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དགོངས་པ་སློབ་སྦྱོང་དང་སྒྲིག་ཁྲིམས་སློབ་སྦྱོང་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱེད་དགོས། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་དོན་དེ་རང་རྟོགས་ངང་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ཁྲིམས་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པའི་ཐད་མངོན་པ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པའི་”གོམས་གཤིས་ཆགས་པ་དང་།“གང་སར་སྤྱོད་པའི”རང་རྟོགས་ཆགས་པ།“ཉིན་ལྟར་སྲུང་བའི”རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་ཏན་ཏིག་འགྱུར་བ་བྱས་ཏེ་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་བྱེད་དགོས། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་འཇིགས་བཀུར་གྱི་བསམ་པ་རྒྱུན་འཁྱོངས་བྱེད་པའི་ཐོག་མངོན་པ་བྱས་ཏེ་གྱོད་གཞིར་གཞིགས་ནས་ཀུན་སྤྱོད་གླེང་བ་དང་། གྱོད་གཞིར་གཞིགས་ནས་སྒྲིག་ཁྲིམས་གླེང་བ། གྱོད་གཞིར་གཞིགས་ནས་ཁྲིམས་ལུགས་གླེང་བ། གྱོད་གཞིར་གཞིགས་ནས་འགན་འཁྲི་གླེང་བ་བཅས་བྱས་ནས་གཞི་རྟེན་གྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཉེན་ཟོན་སློབ་གསོ་དེ་བས་ཟབ་ཏུ་གཏོང་དགོས། རྒྱུན་རྣམ་དང་ཕུགས་ཕན་གྱི་ལས་དོན་དེ་སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་མངོན་པ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་གཏོང་རྒྱུ་དེ་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ངར་ཤུགས་གཅིག་ཏུ་སྒྲིལ་བ། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།