འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པུའུ་ཚན་པའི་ཏང་ཡོན་ལས་བྱེད་ཚོགས་ཆེན་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་གྱིས་གསུང་བཤད་གནང་།
བསྟན་འཛིན་གྱིས་བླང་བྱ་བཏོན་གནང་དོན། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དགོངས་པ་གཉིས་དང་རྒྱས་བཤད་གཅིག”སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་ལེན། ཤེས་རྟོགས་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་གྱི་ཐོག་ནས་ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བརྟན་པོ་འཛུགས་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གཞི་རིམ་གྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོར་སློབ་སྦྱོང་། སྐད་ཆ་བདེན་པ་ཉན་པ། གནས་ཚུལ་དངོས་ལ་རྟོག་ཞིབ། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཁྲོད་དུ་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་དགོས། རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་དང་། ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་། ལས་ཁུངས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་པོ་བསྐྲུན་དགོས། རང་རྟོགས་དང་རང་འགུལ་ངང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གོམ་པ་རིམ་བགྲོད་ཀྱིས་གོང་རིམ་ནས་གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་དུས་ཐོག་ཏུ་དོན་འཁྱོལ་དང་། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་ལས་འགན་ཁག་ལེགས་འགྲུབ་ཡོང་བ་བྱེད་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།