འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྐོང་འཚོགས་གནང་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆེད་དོན་སློབ་སྦྱོང་དང་ལག་བསྟར་སྒོས། ཆེད་དོན་ཞིབ་གྲོས་བརྒྱུད་ནས་མྱོང་ཚོར་སྤེལ་རེས་བྱས་པ་རེད།ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་གཅིག་སྡུད་ཐོག་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་ལུགས་གླེང་བ་(2024ལོའི་པར་མ)ཞེས་པའི་ནང་དོན་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་འགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་དང་། ལིའུ་ཙོང་ཁྲང་། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན་བཅས་ཀྱིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ལ་མཐའ་བསྐོར་ནས་གཏམ་བཤད་སྤེལ་རེས་གནང་བ་རེད།འདི་ནི་ཚོགས་ར་ཡིན་པ།ཚོགས་འདུས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཐོག་གཞི་རྩའི་སྙིང་དོན་དང་ངེས་དོན་བླང་བྱར་རྒྱུས་མངའ་ཡག་པོ་བླངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་འདི་ཉིད་ཁྲིམས་སྐྱོང་གྲོང་ཁྱེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་བསྐྲུན་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཚོགས་འདུས། ཁྲིམས་སྐྱོང་ལྷོ་ཁ་འཛུགས་སྐྲུན་ཁྲོད་ལྷག་བསྡད་པའི་གནད་དོན་དང་མི་འདེང་བའི་ཆར་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཏང་གི་གསར་གཏོད་རིགས་གཞུང་བེད་ཡག་པོ་སྤྱད་དེ་གནད་དོན་དབྱེ་ཞིབ་དང་། གནད་དོན་ཞིབ་འཇུག གནད་དོན་བསམ་གཞིགས། གནད་དོན་ཐག་གཅོད་བཅས་བྱས་ཏེ། རང་རྟོགས་ངང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་ལུགས་ལ་རྒྱུས་མངའ་ཡང་དག་ལེན་པ། ཁྲིམས་ལུགས་བེད་ཡག་པོ་སྤྱོད་པ་བཅས་ཀྱི་ཐོག་ནས་ཁྲིམས་སྐྱོང་ལྷོ་ཁ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུས་བླང་བྱ་བཏོན་དོན། རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཤེས་བྱ་ཁྱབ་གདལ་དང་། རིགས་གཞུང་གསལ་འགྲེལ། ལྟ་བ་ཁྲིད་སྟོན། མཉམ་ཤུགས་འདོན་སྤེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། རྩ་ཁྲིམས་སྲུང་བརྩི་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་སྲུང་སྐྱོབ། རྩ་ཁྲིམས་བེད་སྤྱོད་བཅས་ཀྱིས་མཚོན་པའི་རིགས་གཞུང་གསལ་འགྲེལ་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་ཁྲིད་སྟོན་ཡག་པོ་བརྒྱུད། རྩ་ཁྲིམས་གོང་དུ་བཀུར་མཁན་དང་། རང་འགུལ་གྱིས་རྩ་ཁྲིམས་ལ་བརྩི་སྲུང་ཞུ་མཁན། རྩ་ཁྲིམས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་མཁན་བཅས་ཆགས་པ་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཡག་པོ་བྱས་ཏེ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་འགན་སྲུང་དང་སྐུལ་འདེད་གཏོང་རྒྱུར་དམིགས་ནས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་བཞིན་སྲིད་སྐྱོང་བ། ཁྲིམས་བཞིན་སྲིད་འཛིན་པ་བཅས་རྒྱུན་འཁྱོངས་ཐུབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་མཐའ་འཁྱོངས་བྱེད་དགོས། སྲིད་གཞུང་གི་འགན་ནུས་ལ་འགྱུར་ལྡོག་མྱུར་པོ་བཏང་ཐོག སྲིད་གཞུང་གི་འགན་ནུས་མ་ལག་དང་རྩ་འཛུགས་གྲུབ་ཆ་ལེགས་སུ་བཏང་ནས། སྒྲིག་གཞི་དང་། འགན་ནུས། དབང་ཚད། སྒྲིག་ལམ། འགན་འཁྲི་བཅས་ཁྲིམས་ཀྱིས་གཏན་འབེབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྲིད་འཛིན་གྱི་ཕན་ནུས་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་དགོས། ཁྲིམས་འཛུགས་ཚན་རིག་དང་མཐུན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་ཁྲིམས་འཛུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་སྒྲིག་ལམ་འཐུས་ཚང་དུ་གཏོང་དགོས། གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་སུ་དམ་ཟབ་དམིགས་ཐོག ཁྲིམས་ལུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་ལེགས་བཅོས་འགན་ལེན་བྱེད་དགོས། སྲིད་འཛིན་ཁྲིམས་འཛིན་གྱི་ལམ་སྲོལ་ལ་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཁྲིམས་འཛིན་སློབ་གསོའི་གསོ་སྦྱོང་སྤྲོས་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁྲིམས་སྒྱུར་དྲང་གཞག་དང་སྲིད་གཙང་སྤྱོད་གཙང་ཐོག་ནས་མི་དམངས་མང་ཚོགས་ཚོས་ཁྲིམས་སྒྱུར་གྱི་གྱོད་དཔེ་རེ་རེའི་ནང་ནས་གཞུང་དྲང་དང་དྲང་བདེན་མྱོང་ཚོར་ཐུབ་པ་བྱ་དགོས། དམངས་ཡོངས་ཀྱིས་ཁྲིམས་ལུགས་ལ་སྲུང་བརྩི་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་སྐྱོང་སློབ་གསོ་འདི་ཉིད་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། མང་ཚོགས་ཀྱི་སློབ་གསོ་བཅས་ཀྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། ཁྲིམས་ལུགས་ཁྲིམས་སྲོལ་ཁག་གི་གསོ་སྦྱོང་དང་དྲིལ་བསྒྲགས་ལས་དོན་རྒྱུན་མཐུད་སྤེལ་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་བཞིན་ལས་དོན་གཉེར་བསྒྲུབ་དང་། གནད་དོན་འཕྲད་ན་ཁྲིམས་ལུགས་འཚོལ་བཤེར། ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད། ཁྲིམས་ལ་བརྟེན་ནས་འགལ་ཟླ་གཙང་སེལ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱེད་དགོས།
ཚོགས་འདུས་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་དམ་ཏང་ཙུའུ་ཡིས་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་གྲོང་ཁྱེར་བསྐྲུན་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་ཁྲིམས་སྐྱོང་དཔུང་ཁག་སྟོབས་ཆེར་སྐྱོང་བར་བརྟེན་ནས། གཞི་རིམ་ལས་བྱེད་པས་ཁྲིམས་བཞིན་ལས་དོན་གཉེར་བསྒྲུབ་ཀྱི་ནུས་པ་དང་དམངས་ཆེད་ཞབས་ཞུ་བསྒྲུབས་པའི་ནུས་པ་མཐོར་འདེགས་སྒོས། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་གྲོང་ཁྱེར་གྱི་ལས་འགན་ཁག་ལེགས་པར་འགྲུབ་པ་དང་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱེད་དགོས།ཚོགས་འདུ་མ་འཚོག་གོང་དུ། ཚོགས་ཞུགས་བློ་མཐུན་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་རྩ་གནད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྩ་ཁྲིམས། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང་སོགས་ཁྲིམས་ལུགས་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན་བྱས་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།བསོད་བསྟན་དང་ཡེ་བཟང་གིས་ཞུས།