第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年9月27日 星期
下一篇 4 放大 缩小 默认
ལི་ཧྥུའུ་ཀྲུང་གིས་ལྷོ་ཁའི་མཐའ་མཚམས་མདུན་མར་རྟོག་ཞིབ་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་9པའི་ཚེས་20ཉིན་ནས་ཚེས་24ཉིན་བར། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་གིས་ལྷུན་རྩེ་དང་། མཚོ་སྣ། ལྷོ་བྲག སྣ་དཀར་རྩེ་བཅས་རྫོང་ངམ་གྲོང་ཁྱེར་གྱི་མཐའ་མཚམས་སུ་ཕེབས་ཏེ་གྲོང་གསེབ་དར་རྒྱས་དང་། མཐའ་སྲུང་མཐའ་བརྟན། ཐོན་ལས་འཕེལ་རྒྱས། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་ཐོག མཐའ་མཚམས་ཀྱི་ལས་བྱེད་མང་ཚོགས་དང་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་རེད།

ཟླ་9པའི་ཚེས་20ཉིན། ལི་ཧྥུའུ་ཀྲུང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་དུས་རབས་ཀྱི་མིག་དཔེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་རྣམ་གཉིས་ལ་གཟིགས་པར་ཕེབས་ཏེ། གཅེན་གཅུང་རྣམ་གཉིས་ཀྱི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་གནང་བ་རེད།

ཁོང་གིས། ཁྱེད་རྣམས་ཀྱིས་མེས་རྒྱལ་གྱི་མངའ་ཁོངས་བདེ་འཇགས་དང་བདག་དབང་བདེ་འཇགས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ས་ཆ་འདི་དག་སྲུང་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། སྒྲོལ་དཀར་ལ་ཐོབ་པའི་བདུན་གཅིག་རྟགས་མར་གཟིགས་ཀྱིན། སྒྲོལ་དཀར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་མིག་དཔེའི་སྣེ་ཁྲིད་ནུས་པ་འདོན་སྤེལ། སྔོན་ཐོན་རང་གཤིས་རྒྱུན་འཁྱོངས་བཅས་བྱེད་རྒྱུར་སྐུལ་མ་གཏོང་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་མཚོ་ལས་ཟབ་པ་དང་ཏང་ཀྲུང་དབྱང་གི་ཐུགས་འཁུར་ཟབ་བཞེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མང་ཚོགས་ཚོ་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཐུབ་རྒྱུ་དང་། བླ་མེད་རྒྱལ་ཁོངས་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཆགས་རྒྱུར་འབད་བརྩོན་ཡག་པོ་བྱེད་རྒྱུའི་ཐད་ཁྲིད་སྟོན་བྱེད་དགོས་ཞེས་གསུངས། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) དེ་རྗེས། ལི་ཧྥུའུ་ཀྲུང་གིས་སངས་རྒྱས་ཆོས་འཕགས་ཀྱི་དེ་སྔའི་བཞུགས་གནས་དྲན་གསོ་ཁང་དང་། ཡུལ་སྨད་ཤང་རྒྱལ་གཅེས་མཐའ་སྲུང་སྔོན་ཐོན་མཛད་རྗེས་འགྲེམས་སྟོན་ཁང་དུ་ལྟ་སྐོར་གནང་བ་རེད། ཁོང་གིས་ཤང་དང་གྲོང་ཚོའི་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་ཏེ། རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ཐོག ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

ཟླ་9པའི་ཚེས་21ཉིན། ལྷུན་རྩེའི་གནམ་ཐང་རུ། ལི་ཧྥུའུ་ཀྲུང་གིས་གནམ་ཐང་གི་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་མངའ་གནང་ཞོར། མཐའ་མཚམས་དོ་དམ་ལམ་ཡིག་ས་གནས་ས་ཐོག་གཉེར་སྒྲུབ་དང་སྨན་བཅོས་རོགས་སྐྱོབ་སོགས་དོ་དམ་ཞབས་ཞུའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། ལས་དོན་མི་སྣ་ཚོར། ལམ་ཡིག་གཉེར་སྒྲུབ་དང་སྨན་བཅོས་ཞབས་ཞུ་སོགས་ནི་ལྷོ་ཁའི་གཟུགས་བརྙན་མངོན་མཚོན་བྱེད་པའི་སྐར་ཁུང་ཨང་དང་པོ་དེ་ཡིན་པས། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་ཡུལ་སྐོར་བ་ཚོར་སྟབས་བདེ་བསྐྲུན་པའི་ནུས་པ་མཐོར་འདེགས་བྱས་ནས་ཡུལ་སྐོར་བ་ཚོར་ཕན་ནུས་ཆེ་ལ་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་ཡག་པོ་བྱས་ནས་ལྷོ་ཁར་ལྗོངས་གཟིགས་རིང་སྤྲོ་སྣང་དང་། བློ་བདེ། ལྷོད་པ་བཅས་ཡོང་བ་བྱེད་དགོས།

ཧྭ་གཡུས་གཏེར་ལས་སུ། ལི་ཧྥུའུ་ཀྲུང་གིས་ཁེ་ལས་འཁོར་རྒྱུག་གནས་ཚུལ་གྱི་ངོ་སྤྲོད་གསན་ཐོག་གཏེར་འདེམས་ཐོན་སྐྱེད་བྱེད་སར་ནན་ཏན་སྒོ་ནས་བརྟག་ཞིབ་གནང་བ་རེད། ཁོང་གིས། ཁེ་ལས་ཀྱིས་མིག་སྔའི་མཐུན་རྐྱེན་བཟང་པོ་དམ་འཛིན་བྱས་ཏེ། ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས་འཕེལ་རྒྱས་ཆེད་སྐྱེ་ཁམས་བློས་གཏོང་རྩ་བ་ནས་གཏོང་མི་རུང་། ད་དུང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས་ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་བྱེད་དགོས།

ལམ་བར་གངས་མ་ཆར་ལ་མི་འཛེམ་པར་རི་མཐོ་ལུང་ཤུར་བརྒྱུད། ལི་ཧྥུའུ་ཀྲུང་གིས་ལྷུན་རྩེ་རྫོང་དང་མཚོ་སྣ་གྲོང་ཁྱེར་གྱི་མཐའ་མཚམས་ས་ཁུལ་དུ་ཟབ་འཇུག་གནང་སྟེ། དུས་ཡུན་རིང་པོའི་ནང་མཐའ་མཚམས་འཐབ་ས་མདུན་མར་བཅའ་སྡོད་གནང་མཁན་གྱི་དཔོན་དམག་ལ་གཟིགས་པར་ཕེབས་ནས་འཚམས་འདྲི་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་རེད། ཁོང་གིས། དུས་ཡུན་རིང་པོའི་ནང་། ཚང་མས་དཀའ་ངལ་ལ་མི་སྐྲག་པ་དང་གྲང་ངད་བཟོད་བསྲན་ཐོག་ནས་མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱས་ཡོད། ཚང་མས་དུས་དང་རྣམ་པ་ཀུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་སེམས་ལ་བརྟན་པོར་ངེས་ཏེ། ཏང་དང་མི་དམངས་ཀྱི་མངགས་བཅོལ་མི་བརྗེད་པར་བརྗིད་ཆེའི་ལས་འགན་ལག་བསྟར་ནན་ཏན་གྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རང་ཉིད་ཀྱི་དཀའ་སྤྱད་ལས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་གཅེས་སྲུང་ཐུབ་པ་བྱེད་དགོས་ཞེས་གསུངས།

ཟླ་9པའི་ཚེས་22ཉིན། མཚོ་སྣ་གྲོང་ཁྱེར་མག་མང་ཤང་དུ། ལི་ཧྥུའུ་ཀྲུང་གིས་མཚོ་སྣའི་ལྟེ་བའི་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ལས་དོན་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད། ཁོང་གིས། གཏན་འཁེལ་གཉིས་ལ་འགྱུར་མེད་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་མཚོ་སྣའི་ལྟེ་བའི་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་འདི་ཉིད་དོན་ཆེན་བཞིར་དམ་འཛིན་ཡག་པོ་དང་འཛུགས་གཏོད་བཞིར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ལ་བརྩིས་ཐོག ཚད་གཞི་མཐོ་བ་དང་། སྤུས་ཚད་ལེགས་པ། ཕན་འབྲས་བཟང་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་དགོས། ལས་ཀའི་ལམ་སྲོལ་དབྱེ་གསེས་ཡག་པོ་བྱས་ཏེ། སྐུལ་སྤེལ་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་ཡག་པོའི་སྐུལ་འདེད་ལ་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

ལམ་བར་རྟ་ཕོ་ལྕགས་ཀྱིས་སྐུལ་བ་ལྟར། ཚེས་23ཉིན། ལི་ཧྥུའུ་ཀྲུང་གིས་ལྷོ་བྲག་རྫོང་ལྷ་ཁང་གློག་ཁང་དུ་ཕེབས་ཏེ། གློག་ཁང་གི་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད། ཁོང་གིས། ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་གང་མགྱོགས་བྱས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་རྒྱ་སྐྱེད་ཟམ་མི་ཆད་པ་བཏང་ནས་མང་ཚོགས་དེ་བས་མང་བ་ཚོས་ནུས་རྒྱུ་གཙང་མའི་ཐོན་ཁུངས་གསར་སྤེལ་ཁྲོད་ལས་ཞུགས་ཐུབ་པ་དང་ཕན་ཁེ་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་པའི་ནན་བཤད་གནང་བ་རེད།

ལྷོ་བྲག་རྫོང་ཁུང་ཁྲང་ཕུ་རུ། ལི་ཧྥུའུ་ཀྲུང་གིས་ཚང་མ་དང་གླེང་མོལ་གནང་ཞོར། བཀོད་སྒྲིག་ས་ཚིགས་ཀྱི་འཛུགས་སྐྲུན་དང་། གཞི་རིམ་གྱི་བཅོས་སྐྱོང་། མང་ཚོགས་ཀྱི་འབབ་འཕར། མཐའ་སྲུང་མཐའ་བརྟན་སོགས་ཀྱི་ལས་དོན་ཁག་ལ་རྒྱུས་མངའ་གནང་བ་མ་ཟད། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ཏེ། ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྷོ་བྲག་རྫོང་ལྷོ་འགྲོ་བ་ལུང་དགོན་སྡེ་དོ་དམ་ཨུ་ལྷན་དུ། ལི་ཧྥུའུ་ཀྲུང་གིས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་གནང་བ་རེད། ཁོང་གིས། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་རེ་འདུན་དོན་འཁྱོལ་ནན་ཏན་བྱས་ཏེ། ཁ་སྣོན་མི་བྱེད་པ་གསུམ་གྱི་མཐའ་ཚད་སྲུང་དགོས་པ་དང་། འགན་ནུས་ལག་བསྟར་དང་འགན་འཁུར་བྱས་ཕོད་ཀྱིས་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཚད་གཞི་བཞི་དང་འདུ་ཤེས་གསུམ་གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། ཏང་གིས་འགོ་ཁྲིད་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་དོན་དག་གལ་ཆེན་དང་གནད་དོན་ཆེ་གྲས་དུས་ཐོག་ཏུ་དགོངས་སྐོར་སྙན་ཞུ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།

སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ། ལི་ཧྥུའུ་ཀྲུང་གིས་ལས་བྱེད་ལས་བཟོ་པ་ཚོ་དང་མཛའ་བརྩེའི་གླེང་མོ་གནང་བ་རེད། ཁོང་གིས་ས་བབ་མཐོ་ཞིང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་ལས་བཟོ་པ་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་འབྲེལ། ཁོང་ཚོར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་རྒྱུན་འཁྱོངས་ཐོག ལས་སྒྲུབ་ལས་གཏོད་ལ་འབད་འབུངས་ཡར་བརྩོན་ཆེས་ཆེར་འཕེལ་བ་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་ཁྲོད་ཞུན་བརྡར་དང་ལེན་དང་། འཇོན་ནུས་མཐོར་གཏོང་། འཚར་ལོངས་མགྱོགས་པ་བཅས་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

སྟག་ལུང་གྲོང་རྡལ་སྟག་རྒྱབ་སྡེ་ཁུལ་དུ། ལི་ཧྥུའུ་ཀྲུང་གིས་སྡེ་ཁུལ་ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཅས་ཀྱི་ལས་དོན་སྤེལ་ཚུལ་ལ་རྒྱུས་མངའ་གནང་བ་རེད། ཁོང་གིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྲིག་བརྒྱུད་ནས་མཐོར་འདེགས་ཡོང་བ་བྱེད་དགོས་པ་དང་། ཏང་ཡོན་ལས་བྱེད་པའི་དོ་དམ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་གནང་བ་རེད། དེ་རྗེས། ཁོང་གིས་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་དང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ཟླ་9པའི་ཚེས་24ཉིན། ལི་ཧྥུའུ་ཀྲུང་གིས་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་དང་ལྷུན་པོ་ཞོལ་ཤང་། སྣད་ཀར་རྩེ་གྲོང་རྡལ་སྒོ་ཆུང་གྲོང་ཚོའི་གཙང་ཆུ་ཚོ་ཆུང་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཡག་པོ་སྤེལ་ནས་མང་ཚོགས་ཀྱི་འབབ་འཕར་རྒྱུན་མཐུད་ཡོང་རྒྱུར་ཁྲིད་སྐུལ་དང་ཐུན་མོང་ཕྱུག་གྱུར་ལ་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་རིང་། ལི་ཧྥུའུ་ཀྲུང་གིས་མཚོ་སྣ་གྲོང་ཁྱེར་གྱི་རང་སྲུང་འགོག་རྒོལ་དམག་འཐབ་བཀོད་འདོམས་གནས་ཤུལ་དང་། སྣ་དཀར་རྩེ་རྫོང་བསམ་སྡིངས་དགོན། སྣ་དཀར་རྩེ་རྫོང་ཏཱ་ཡའོ་འོད་གློག་ས་ཚིགས། ལྷུན་རྩེ་རྫོང་གཉལ་སྨད་མཛད་རྗེས་དྲན་གསོ་ཁང་། རྫོང་གྲོང་འཛུགས་སྐྲུན་རྣམ་གྲངས་ལས་ཡུལ་སོགས་སུ་རྟོག་ཞིབ་གནང་བ་དང་འབྲེལ། རིན་འཛིན་དབང་རྒྱལ་གྱི་ནང་མིར་འཚམས་འདྲི་གནང་བ་རེད།

ལི་ཧྥུའུ་ཀྲུང་གིས་ནན་བཤད་གནང་དོན། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། སྤྱོད་ཚུལ་འགྱུར་ལྡོག་དང་དོན་འཁྱོལ་དམ་འཛིན་ལྷོད་མེད་བྱས་ནས་ཏང་ཡོན་གྱི་གདོང་སྐྱོད་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས། ཤང་དང་གྲོང་ཚོའི་དོན་དངོས་གནས་ཚུལ་ལ་གཞི་རྐང་ཚུགས་པ་བྱས་ཏེ། མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་ཐབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་རྩིས་དགོས་པ་མ་ཟད། མང་ཚོགས་ཚོས་ཕྱི་ལ་ཡོང་འབབ་གསོག་པར་བསྐྱོད་རྒྱུར་སྒྲིག་འཛུགས་ཡོད་པའི་ཐོག ཐབས་བརྒྱ་ཇུས་སྟོང་སྒོ་ནས་མཉམ་སྡེབ་ཡོང་འབབ་འཕར་སྣོན་ཐུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། འཆར་འགོད་ཀྱི་གཅིག་གྱུར་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། རིགས་མི་འདྲ་བའི་འཆར་འགོད་སྒྲིག་བཟོ་དང་འབྲེལ་མཐུད་ལས་དོན་ཡག་པོ་སྤེལ་ནས་འཆར་འགོད་དེ་བས་ཚན་རིག་དང་མཐུན་པ་དང་གནད་ལ་སྨིན་པ་བཟོ་དགོས། འདུ་འགོད་ཆེན་པོ་མི་འགྱུར་བར་བརྩམས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་མཐོར་འདེགས་དང་འཐུས་ཚང་འཛུགས་སྐྱོང་བྱས་ནས་མི་དམངས་མང་ཚོགས་ཚོས་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ནས་ཐོབ་ཚོར་དང་སྐྱིད་ཚོར་དེ་བས་མང་བ་ཉམས་ལེན་ཐུབ་པ་བྱ་དགོས། གནས་སྤོས་བཀོད་སྒྲིག་ས་ཚིགས་ཀྱི་རྗེས་མཐུད་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་ཡག་པོ་བཏང་སྟེ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་ཐུབ་པ་བྱས་ནས་གནས་སྤོས་མང་ཚོགས་ཚོ་གནས་སྤོ་ཐུབ་པ་དང་། གཞི་རྐང་ཚུགས་པ། ཕྱུག་གྱུར་ཐུབ་པ་བཅས་ཡོང་བ་བྱེད་དགོས། དམག་དཔུང་བཅའ་སྡོད་དང་མང་ཚོགས་བདེ་སྡོད་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་མཐའ་དར་མཉམ་དུ་ལག་ལེན་བྱས་ཏེ། མཐའ་མཚམས་ཡུལ་མིའི་རེ་སྒུག་དེ་ཉིད་དམིགས་སར་བཟུང་ནས་དམག་དམངས་མཉམ་འདྲེས་གོང་འཕེལ་དང་ཐུན་མོང་ལྔ་དང་སྲ་བརྟན་ལྔ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་མྱུར་བསྐྲུན་བྱས་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་དགོས། ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་འཐབ་ས་མདུན་མ་དང་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་བྱེད་པ་གསོ་སྐྱོང་ལ་དོ་ཁུར་བྱེད་དགོས་པ་དང་། ལས་བྱེད་པས་གཞི་རིམ་དུ་ལས་དོན་ཡག་པོ་བསྒྲུབ་པའི་ཁྲོད་མང་ཚོགས་ཀྱི་བདེ་རྩ་མཐོ་རུ་གཏོང་དགོས་སོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།

འདི་ནི་ལི་ཧྥུའུ་ཀྲུང་གིས་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བཞིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
ལི་ཧྥུའུ་ཀྲུང་གིས་ལྷོ་ཁའི་མཐའ་མཚམས་མདུན་མར་རྟོག་ཞིབ་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་འཆད་ཁྲིད་འཚོགས་པ།