第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年9月27日 星期
3 上一篇 放大 缩小 默认
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་འཆད་ཁྲིད་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཟླ་9ཚེས་23ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་“མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་འཆད་ཁྲིད་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཊ་རྒྱུན་ཨུད་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན། 《མི་དམངས་བོད་ལྗོངས》དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་མཱ་ཝུའེ་མིང་གདན་དྲངས་ནས་སློབ་ཁྲིད་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེས་གཙོ་སྐྱོང་གནང་། གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཉིའུ་ཁུན་དང་གྲའེ་ཁུན་ཚོཊ་འདུར་ཞུགས།

མཱ་ཝུའེ་མིང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་རླབས་ཆེན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བགྲོད་ལམ་གྱི་གདེང་ཚོད་དང་། གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གཞུང་ལུགས་ཀྱི་ནང་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་དགོས་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས་བརྟན་ཐོག་ཡར་བརྩོན་གྱིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐུལ་འདེད་གཏོང་དགོས་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་གསོན་ཉམས་དོད་པའི་སློབ་ཁྲིད་གནང་བ་རེད།

འཆད་ཁྲིད་ལ་ཞུགས་མཁན་ཚོས། སློབ་ཁྲིད་དོན་སྙིང་ཟབ་ལ་གོ་བདེ་བ། གོ་རིམ་གསལ་བ། གཙོ་གནད་མངོན་གསལ་དོད་པ། ལྟ་བ་གསལ་པོ་བཅས་ཡོད་པས་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་མྱོང་ཚོར་ཡང་ཡོད་པས་ལས་དོན་ཁྲོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པ་དང་། ཁྲིམས་སྐྱོང་གི་བྱང་ཚད་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དེ་བས་ལེགས་པའི་སྒོ་ནས་བཅོས་སྐྱོང་གི་ནུས་ཕྱོད་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུས་རབས་གསར་པའི་མི་དམངས་འཐུས་ཚོཊ་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོཊ་གསལ་སྟོན་བྱས་ཡོད་ཅེས་བརྗོད།

བསོད་ནམས་རྡོ་རྗེས། རང་ངོས་འཛུགས་སྐྱོང་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འཐུས་མིའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། འཐུས་མི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国际国内
ལི་ཧྥུའུ་ཀྲུང་གིས་ལྷོ་ཁའི་མཐའ་མཚམས་མདུན་མར་རྟོག་ཞིབ་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི”བརྗོད་དོན་གཙོ་བོའི་འཆད་ཁྲིད་འཚོགས་པ།