第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
要闻
 
标题导航
ངེད་གྲོང་ཁྱེར་གྱི་རྫོང་ཁག་གིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ།
ངེད་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་པར་བྱ་དགའ་སྤྲོད་པའི་མཚན་ཚོགས་གཟབ་རྒྱས་ངང་འཚོགས་པ།
གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།
2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།
| 山南网首页 |
2024年9月13日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་པར་བྱ་དགའ་སྤྲོད་པའི་མཚན་ཚོགས་གཟབ་རྒྱས་ངང་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྟོན་རླུང་བསིལ་བུར་ལྡང་། །སྟོན་འབྲས་མཚར་ལ་མངའ། །ཟླ་9པའི་ཚེས་9ཉིན་དགོང་དྲོར། ངེད་གྲོང་ཁྱེར་གྱི་དགེ་རྒན་དུས་ཆེན་ཐེངས་༤༠པར་རྟེན་འབྲེལ་ཞུ་བ་དང་བྱ་དགའ་སྤྲོད་པའི་མཚན་ཚོགས་གཟབ་རྒྱས་ངང་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྥུའུ་ཀྲུང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་བག་གྲོ་བཅས་མཚན་ཚོགས་ལ་ཕེབས་ཡོད་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་ཤིས་ཚིག་བསྒྲོན་གནང་། གྲོང་ཁྱེར་འགོ་ཁྲིད་ཨན་ཤིན་གོའོ་དང་། ཧྲེན་པའེ་ཚུན། ཚེ་རིང་གཡང་འཛོམས་བཅས་མཚན་ཚོགས་ལ་ཕེབས་ཡོད་པ་རེད།

ཉི་མ་བསྟན་འཛིན་གྱིས། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་མི་སྣ་ཚང་མར་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས། ཉེ་བའི་ལོ་ཤས་ནང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཡང་དག་མཛུབ་སྟོན། དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག ངེད་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་པ་དང་། དགེ་རྒན་དཔུང་ཁག་འཛུཊ་སྐྱོང་གི་(པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) རྨང་གཞིའི་ལས་དོན་ལ་དམ་འཛིན་རྒྱུན་མཐུད་བྱས་པ། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་མི་སྣས་ཏང་ཆེད་མི་སྣ་གསོ་སྐྱོང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱལ་ཁབ་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྗིད་ཆེའི་ལས་འགན་སེམས་ལ་བརྟན་པོར་ངེས་རྒྱུར་ཁྲིད་སྟོན་བྱས་པ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ཨང་དང་པོར་འཇོག་པའི་ཚད་གཞི་དོན་འཁྱོལ་བྱས་པ་སོགས་ལས་སློབ་གསོ་སློབ་ཁྲིད་ལས་དོན་ཁྲོད་དགེ་རྒན་བཟང་པོ་གཅིག་རྗེས་གཉིས་མཐུད་ཐོན་པའི་རྣམ་པ་བཟང་པོ་ཆགས་ཡོད། གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལག་ལེན་དུ་བསྟར་ཏེ། རྒྱལ་ཁབ་ཀྱི་དོན་ཆེན་ཕུགས་ཀྱི་འདུན་པར་བཅོལ་ཞིང་། ཀུན་སྤྱོད་རྩ་བར་བཟུང་བ་དང་། སློབ་ལ་སྤྲོ་བ་དང་སློབ་ཕྲུག་ལ་གཅེས་པ། ཡོན་ཏན་ལ་བརྩོན་པ་བཅས་ཐོག་ནས་ལོ་རྒྱུས་ཀྱིས་སྤྲད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐྲུན་མཁན་དང་ཤུལ་འཛིན་མཁན་གསོ་སྐྱོང་བྱེད་པའི་བརྗེད་ཆེའི་ལས་འགན་ཕྲག་ཐོག་ཏུ་ཡག་པོ་འཁུར་རྒྱུའི་ཐུགས་རེ་གནང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་སྔར་མུས་བཞིན་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་། རིམ་ཁག་ཚན་པས་དགེ་རྒན་ལ་གུས་བཀུར་དང་། དགེ་རྒན་ལ་གཅེས་ཞེན། སྤྱི་ཚོགས་ལས་རིགས་ཁག་གིས་སློབ་གསོར་མཐོང་ཆེན་དང་རྒྱབ་སྐྱོར་བཅས་བརྒྱུད་ནས། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་རྣམ་པ་བཟང་པོ་ནུས་ཤུགས་ཡོད་རྒུས་གཏོད་ཐོག ལྷོ་ཁའི་སློབ་གསོའི་བྱ་གཞག་གི་སྤུས་མཐོའི་གོང་འཕེལ་ཆེད་བྱས་རྗེས་གསར་པ་སླར་ཡང་བཞག་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་དགོས།གྲོང་སྤྱི་གཞོན་པ་ཚེ་རིང་གཡང་འཛོམས་ཀྱིས། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་སྤྲོད་པའི་གྲོས་ཆོད་སྒྲོག་སྦྱངས་གནང་། ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་ནང་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མེ་ཏོག་ཕུལ་བ་རེད།

དེ་རྗེས། རིག་རྩལ་འཁྲབ་སྟོན་འགོ་ཚུགས་ཤིང་། འཁྲབ་སྟོན་ནང་། ངེད་གྲོང་ཁྱེར་གྱི་དགེ་སློབ་ཚོའི་ཉམས་བཟང་ལེགས་པར་མཚོན་པས། གཟིགས་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

བསོད་དོན་གྱིས་བསྒྱུར། བསོད་བསྟན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:要闻
   第04版:国际国内
ངེད་གྲོང་ཁྱེར་གྱི་རྫོང་ཁག་གིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ།
ངེད་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་པར་བྱ་དགའ་སྤྲོད་པའི་མཚན་ཚོགས་གཟབ་རྒྱས་ངང་འཚོགས་པ།
གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།
2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ལྷོ་ཁ་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།