འདི་ནི་ཟངས་རི་རྫོང་གི་ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
ཉེ་དུས། འཕྱོངས་རྒྱས་རྫོང་གིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ཏེ། མངའ་ཁོངས་མང་ཚོགས་ཚོར་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་ངང་འཚོལ་བསྡུ་དང་། གཞོན་ནུ་ལོ་ཆུང་གི་ཁེ་དབང་ལ་གནོད་འཚེ་གཏོང་བ། གློག་འཕྲིན་དྲ་རྒྱའི་བསླུ་བྲིད་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ།
ཉེ་ཆར། ལྷོ་བྲག་རྫོང་གིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ནས། མང་ཚོགས་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས། བོད་རང་སྐྱོང་ལྗོངས་དྲ་རྒྱའི་འཕྲིན་གཏོང་སྐོར་གྱི་བྱེད་མི་ཆོག་པ་ཉི་ཤུ་ཐམ་པ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ།
ཉེ་སྔོན། མཚོ་སྨད་རྫོང་གིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཚོར་དྲ་རྒྱའི་ཁ་བསླུས་ངོས་འཛིན་བྱེད་སྟངས་དང་། སྒེར་གྱི་ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་སྟངས། དྲ་རྒྱའི་ཉེན་ཟོན་མཐོར་འདེགས་སོཊ་ཀྱི་ཤེས་བྱ་དྲིལ་བསྒྲཊ་བྱས་པ།
ཉེ་དུས། ཟངས་རི་རྫོང་གིས་2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་སར་ལས་དོན་མི་སྣས་དྲིལ་བསྒྲགས་དང་བློ་འདྲིའི་སྟེགས་བུ་བཙུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་དངོས་རྫས་མཁོ་འདོན་སོགས་བརྒྱུད་ནས་མངའ་ཁོངས་མང་ཚོགས་ཚོར་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ།
བསོད་དོན་གྱིས་བསྒྱུར། བསོད་བསྟན་གྱིས་ཞུས།