第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
| 山南网首页 |
2024年6月19日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་2024ལོའི་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་ནས་ཀྲུང་གོ་རྒྱལ་སྤྱིའི་ལས་གྲྭ་བློ་འདྲི་ཚད་ཡོད་ཀུང་སིའི་གྲོང་གསེབ་དཔལ་འབྱོར་དང་ས་ཁུལ་ལས་སྒོ་པུའི་ས་ཁོངས་དཔལ་འབྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧའེ་ཁྲའོ་གདན་དྲངས་ཏེ་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་དང་། རྣམ་གྲངས་ཇུས་འགོད། རྣམ་གྲངས་ཀྱི་དུས་འགོའི་སྐུལ་འདེད་སོགས་ཀྱི་ལས་དོན་ལ་དམིགས་ནས་སློབ་ཁྲིད་གནང་བ་རེད།

གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་པའེ་ཡུན་ཧྥུང་དང་། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའོ་ཡུང་ཝུན། གྲོང་སྤྱི་གཞོན་པ་ཚེ་རིང་། གྲོང་སྤྱི་གཞོན་པའི་འོས་མི་ཚེ་རིང་གཡང་འཛོམས་བཅས་ཚོགས་འདུར་ཞུགས་པ་རེད།

འཆད་ཁྲིད་ནང་། ཝང་ཧའེ་ཁྲའོ་ཡིས་ལས་ཀའི་ཉམས་མྱོང་དང་ཞིབ་ཕྲའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་འཆར་འགོད་འཐབ་ཇུས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྣམ་གྲངས་ཇུས་འགོད་དང་གསོག་འཇོག་ཡག་པོ་བྱེད་པ། ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསམ་གཞིག་བྱེད་པ་སོགས་ཀྱི་ཐད་ནས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གསོན་ཉམས་ལྡན་པ་དང་། ཐད་མཐོང་། གཟུགས་བརྙན་ལྡན་པ་བཅས་ཀྱི་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ་སྲིད་གཞུང་ཁོངས་གཏོགས་ལས་བྱེད་པར་ངོ་མཚར་ཆེ་བའི་ཆེད་ལས་སློབ་ཚན་ཟུར་ཁྲིད་གནང་བ་རེད།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། ལྷོ་ཁའི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཡག་ཐོག་ཡག་བརྩེགས་མཐའ་འཁྱོངས་དང་། འགུལ་རྣམ་ལེགས་སྒྲིག་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་འདིང་རྒྱུ་དང་། ཞན་ཆ་གསབ་རྒྱ། གྲུབ་ཆ་ལེགས་སྒྲིག ཕུགས་ཕན་བཅས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་ཇུས་འགོད་བྱས་ནས། ཁག་གཅིག་ཇུས་འགོད་དང་། ཁག་གཅིག་གྲབས་གསོག་བྱས་ཏེ་རྣམ་གྲངས་གསོག་འཇོག་བྱེད་ཚད་མང་དུ་གཏོང་དགོས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེན་གྱི་གནས་སུ་བཞག་ནས་འཆར་འགོད་ཇུས་འགོད་ཀྱི་འགག་སྒོ་ནན་པོ་བཟུང་སྟེ་ཞབས་ཞུའི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཐོག་རྣམ་གྲངས་འཐུས་ཚང་ཟམ་མི་ཆད་པར་བཏང་ནས་གོང་ལ་སྙན་ཞུ་ཡོད་པ་དང་། ཕྱི་ཕྱོགས་ལ་ཚོང་འགུགས་ཐུབ་པ། ནང་ཁུལ་དུ་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་འཚོགས་པ་དང་། རྩེད་ཐང་དུ་ཚོགས་ར་གཙོ་བོ་དང་། རྫོང་(ཆུས་དང་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད།

བསོད་བསྟན་གྱིས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告