第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
| 山南网首页 |
2024年6月19日 星期
3 上一篇 放大 缩小 默认
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།
 

ཏང་གཤིས་བརྟན་པོ་དང་། ཏང་སྲོལ་ཡག་པོ། ཏང་གི་སྒྲིག་ཁྲིམས་ནན་པོ་བཅས་ནི་རང་རེའི་ཏང་དེ་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་གཞི་གཅིག་ཏུ་འབྲེལ་བའི་གོང་བུ་དང་། ཏང་གཤིས་ནི་གཞི་རྩ། ཏང་སྲོལ་ནི་མཚོན་ཚུལ། ཏང་གི་སྒྲིག་ཁྲིམས་ནི་འགན་ལེན་བཅས་ཡིན”ཞེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚོགས་འདུ་ཐེངས་གཉིས་པས“ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཚོན་ཡོད་ལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར་ཁ་ཕྱོགས་གསལ་སྟོན་ཡང་བྱས་ཡོད།

ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་བར། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱེད་རྒྱུའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ།ཏང་གཤིས་ལ་ཞུན་བརྡར་གཏོང་རྒྱུ་དེ་ཏང་སྲོལ་གཙང་མ་དང་ཏང་གི་སྒྲིག་ཁྲིམས་དམ་དུ་གཏོང་རྒྱུ་དང་འབྲེལ་མཐུད་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་ཁྲོད་ནས་སྒྲིག་ཁྲིམས་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་རྒྱུར་སྣང་ཆེན་བྱེད་པ། རྒྱ་ཆེའི་ཏང་ཡོན་གྱི་ཀུན་སྤྱོད་ལ་ཞུན་བརྡར་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།

ཏང་གཤིས་ནི་ཏང་ཡོན་ལས་བྱེད་པས་རང་ཚུགས་ཐུབ་པ་དང་། བྱ་གཞག་གཏོད་ཐུབ་པ། གཏམ་གྱི་དགེ་ཐོན་པ། སྤྱོད་བཟང་རྒྱུད་ལ་འཇགས་པ་བཅས་ཀྱི་རྨང་རྡོ་ལྟ་བུ་ཡིན། ཏང་གཤིས་སློབ་གསོ་ནི་གུང་ཁྲན་ཏང་མིས་རང་གཅུན་བློ་སྦྱོང་བྱེད་རིང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དྲིལ་བསྒྲགས་བྱས་ནས་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གཅུས་སྒོ་ཨ་མའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་ཁྲོད་ནས་སྒྲིག་ཁྲིམས་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་པར་མཐོང་ཆེན་བྱེད་དགོས་ཤིང་། ཏང་ཡོན་ལས་བྱེད་པར་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་རྒྱུན་འཛིན་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་བསྟར་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་རིང་དད་མོས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་ཀྱི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བསྟར་བར་འབད་བརྩོན་བྱས་ཏེ་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་བརྒྱུད་རིམ་དུ་དངོས་འབྲེལ་འགྱུར་བར་བྱེད་དགོས།

ཏང་གི་སྤྱོད་ཚུལ་དེ་བློ་ཁ་གཏད་མིན་དང་འབྲེལ་བ་ཡོད་ལ་ཏང་གི་འཆི་གསོན་ཆགས་འཇིག་དང་ཡང་འབྲེལ་བ་ཡོད། ཉམས་སད་ཐེག་པའི་སྤྱོད་ཚུལ་ནི་ཏང་གཤིས་བརྟན་པོ་དང་ཏང་གི་སྒྲིག་ཁྲིམས་དམ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རུལ་སུངས་ཀྱི་དངོས་ཡོད་ཀྱི་ཉེན་ཁ་དང་ཚབས་ཆེ་བའི་གནོད་འཚེར་དོགས་ཟོན་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ནི་ཏང་གཤིས་ལ་ཞུན་བརྡར་དང་ཏང་གི་སྒྲིག་ཁྲིམས་དམ་དུ་གཏོང་བའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པ་གསལ་པོར་རྟོགས་དགོས་པ་དང་། “སྤྱོད་ཚུལ་བཞི”ཡོ་བསྲང་དང་སྤྱོད་ཚུལ་གསར་པ་འཛུགས་རྒྱུ་གལ་ཆེ་མཉམ་དུ་འཛིན་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ། ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ལས་ཁུངས་དེ་རང་བཅས་ཀྱི་གཙོ་གནད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཏང་ཡོན་ལས་བྱེད་པར་ཀུན་སྤྱོད་ལ་ཞུན་བརྡར་གཏོང་བའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། ཏང་སྲོལ་ཡག་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས།

སྒྲིག་ཁྲིམས་དམ་པོ་ནི་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་དམིགས་བསལ་ལེགས་ཆ་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་སྒྲིག་ཁྲིམས་དམ་པོར་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་རང་རེའི་ཏང་དེ་བས་སྲ་ཞིང་བརྟན་པ་ཞིག་ཡོང་བར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་ནན་པོ་བྱེད་དགོས་ཤིང་། ལམ་ལུགས་ཀྱི་དྲ་བ་ཚགས་ཇི་ཙམ་དམ་དུ་བཏང་ན་ཏང་གཤིས་ཞུན་བརྡར་ལ་དེ་ཙམ་གྱིས་ཕན་ཐོགས་ཡོད་ལ། ཏང་སྲོལ་བཟང་པོ་ཆགས་སླ་པོའང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་དམ་པོ་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ཀྱི་དབང་གྲགས་རང་བཞིན་རང་རྟོགས་ངང་སྲུང་སྐྱོང་བྱས་ནས་མཐའ་ཚད་ནན་པོར་སྲུང་བ་དང་། དམར་ཐིག་མ་བརྫིས། གློག་ཆེན་ལ་མི་རེག་པ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་དང་ཡང་ཡང་བསྡུར་ཏེ། སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དེ་སེམས་སུ་འཇགས་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱས་ནས་སྒྲིག་ཁྲིམས་དམ་པོ་དེ་བྱ་སྤྱོད་ཀྱི་ཚད་གཞི་དང་རྒྱུན་གཏན་གྱི་གོམས་གཤིས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཇི་ཙམ་གྱིས་གཏིང་ཟབ་ཏུ་བཏང་ན། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་དེ་ཙམ་གྱིས་མཉམ་དུ་དམ་འཛིན་བྱེད་དགོས། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ཏེ། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་། ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་རྒྱུན་དུ་དང་རྟག་དུ་ནས་དམ་འཛིན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། དམག་འཐབ་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

(བོད་ལྗོངས་ཉིན་རེའི་ཚགས་པར་ནས་དྲངས)

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
སློབ་གསོ་པུའུ་སོགས་སྡེ་ཚན་གྱི《སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དངོས་གཞི་དང་ཞིབ་འཇུག་སློབ་གནས་འབྲེལ་མཐུད་ཀྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་ལག་བསྟར་བྱེད་ཐབ@
གྲོང་ཁྱེར་མི་དམངས་ལུས་རྩལ་ཁང་དང་ལུས་སྦྱོང་ཞབས་ཞུའི་རྣམ་གྲངས་ཚ་ཚ་འུར་འུར་ངང་མྱུར་སྐྲུན་བྱེད་བཞིན་པ།
གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཆེད་དོན་འཆད་ཁྲིད་ཐེངས་གསུམ་པ་གཉེར་བ།
ཏང་གཤིས་ཞུན་བརྡར་དང་། ཏང་སྲོལ་གཙང་མ། ཏང་གི་སྒྲིག་ཁྲིམས་ནན་གཏོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།