འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྲེང་གཡུས་ཀྱིས་གོང་དཀར་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་2024ལོའི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་མཐའ་སྐོར་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གཉིས་པའི་འགོ་ཁྲིད་ཟུར་ཞུགས་གནང་བ་རེད།
ཚོགས་འདུས་ནན་བཤད་བྱས་དོན། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་ལེན་བྱས་ནས་“བརྒྱད་ལྔའི་”ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཏན་ཏིག་སྤེལ་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲོང་གསེབ་དང་། སྡེ་ཁུལ། ཚན་པ།ཁེ་ལས། སློབ་གྲྭ། དམག་སྒར། དྲ་རྒྱ་སོགས་སུ་སྐྱེལ་ནས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དགོངས་པ་སློབ་སྦྱོང་དང་མཐིལ་རྟོགས་བྱས་ནས། ཏང་གི་འགོ་ཁྲིད་ཀྱི་ཆེས་རྩ་བའི་འགན་ལེན་འདི་དམ་འཛིན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་པའི་ལྟེ་བའི་ལས་འགན་འདི་དམ་འཛིན། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་འདི་དམ་འཛིན། ཉེན་ཁ་འགོག་སེལ་འགན་འཁྲི་གལ་ཆེན་འདི་དམ་འཛིན་བཅས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།