第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་སྐོང་འཚོགས་པ།
སྐྱ་ཐེར་རི་བོ་སྔོ་ལྗང་ན་བཟའ་བཀླུབས། སྐྱེ་ཁམས་མཛེས་པའི་ནོར་འཛིན་ཨེ་མ་མཚར།
ངེད་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་རྒྱབ་ཕྱོགས་འགན་ལེན་ཚགས་ཚུད་བྱས་ཡོད་པ།
ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་གཏོད་དགོས།
| 山南网首页 |
2024年6月10日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་རྒྱབ་ཕྱོགས་འགན་ལེན་ཚགས་ཚུད་བྱས་ཡོད་པ།
འདི་ལོ་ངེད་གྲོང་ཁྱེར་གྱི་སློབ་མ་4156མཐོ་རྒྱུགས་ནང་ཞུགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་རྒྱལ་ཡོངས་གཅིག་གྱུར་མཐོ་རྒྱུགས་ནང་ངེད་གྲོང་ཁྱེར་གྱི་སློབ་མ་4156ཞུགས་རྒྱུ་ཡིན་པ་དང་། ཡིག་རྒྱུགས་ས་ཚུགས་བཞི་དང་། ལས་དོན་མི་སྣ་600ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།

མཐོ་རྒྱུགས་རིང་། བདེ་འཇགས་དང་སྒྲིག་ལམ་ལྡན་པའི་ཡིག་རྒྱུགས་ཁོར་ཡུག་ཞིག་བསྐྲུན་ཆེད། ངེད་གྲོང་ཁྱེར་གྱི་ཚན་པ་མང་པོ་ཞིག་གིས་སྔོན་ཚུད་ནས་འཆར་འགོད་བྱས་ཏེ་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་དངངས་སྐྲག་དང་སེམས་ཁྲལ་གྱི་གནད་དོན་ལ་དམིགས་ནས“མཐོ་རྒྱུགས་ཀྱི་རྒྱབ་ཕྱོགས་འགན་སྲུང་བྱ་སྤྱོད”ཚགས་ཚུད་སྤེལ་ཏེ་ཡིག་རྒྱུགསརིང་བདེ་འཇགས་འགན་ལེན་དང་འཕྲལ་སྡོམ་གྲ་སྒྲིག་སོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་རྒྱུགས་ལེན་ལས་དོན་མི་སྣར་གསོ་སྦྱོང་བྱས་པ།གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ནང་མཐོ་རྒྱུགས་གོང་གི་གནོན་ཤུགས་ཆུང་དུ་གཏོང་བའི་སེམས་ཁམས་ཟུར་ཁྲིད་བྱས་པ། གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་སྨན་རྩིས་ཁང་། དམངས་བདེ་སྨན་ཁང་བཅས་སྨན་བཅོས་ལས་ཁུངས་གསུམ་ཀྱིས་ལས་སྒོ་བྱང་ཆུབ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་མི་སྣ་མི་ཐེངས་3བདམས་པ་དང་། མྱུར་སྐྱོབ་ཡོ་བྱད་དང་སྨན་རྫས་ཆ་ཚང་གྲ་སྒྲིག་བྱས་ཐོག་མྱུར་སྐྱོབ་རླངས་འཁོར་ 3རྒྱུགས་སྤྲོད་ས་ཚིགས་སུ་བཀོད་སྒྲིག་བྱས་ནས་སྨན་བཅོས་མྱུར་སྐྱོབ་ལས་དོན་འགན་ལེན་བྱས་པ།གྲོང་ཁྱེར་ཁྲོམ་ར་ལྟ་སྡོམ་ཅུས་ཀྱིས་རྒྱུགས་སྤྲོད་སློབ་མའི་བཟའ་བཏུང་ཞབས་ཞུ་གཅིག་སྡུད་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་བཟའ་བཏུང་ཚོང་ཁང་དང་བཟའ་བཏུང་ཁེ་ལས་སྣ་ཚོགས་སུ་ཞིབ་བཤེར་བྱས་པ།རྒྱལ་ཁབགློག་དྲ་ལྷོ་ཁ་གློག་འདོན་ཀུང་སིས་གྲོང་ཁྱེར་དང་རྫོང་གི་མཐོ་རྒྱུགས་ས་ཚིགས་སུ་གློག་མཁོ་སྐྱེལ་བྱེད་པ་དང་སྦྲགས་མངོན་མེད་རྐྱེན་རྩ་སེལ་བཤེར་བྱས་པ། གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་རྒྱུགས་སྤྲོད་སློབ་མར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འཕྲལ་མར་གསབ་གཉེར་བྱེད་པའི་ལས་སྒོ་གཉེར་བ། སྣེ་གདོང་ཆུས་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་མངགས་གཏོང་ཁང་དང་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡིག་རྒྱུགས་ས་ཚིགས་ཁག་ཏུ་རྒྱུགས་སྤྲོད་གོང་གི་བདེ་འཇགས་ཞིབ་བཤེར་བྱས་པ། གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིས་སྤྱི་སྤྱོད་རླངས་འཁོར་42དང་བདལ་གཏོང་རླངས་འཁོར་81བཀོད་སྒྲིག་བྱས་ཏེ། གཞུང་ལམ་ཁག་ལྔ(གྲོང་ཁྱེར་ཆ་ཚང་སློབ་འབྲིང་དང་། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ། གྲོང་ཁྱེར་ལས་རིགས་སློབ་གྲྭ)སོགས་ས་ཁོངས་ནང་གཅིག་གྱུར་ཐོག་མཚོན་རྟགས་སྦྱར་ནས་མཐོ་རྒྱུགས་ནང་ཞུགས་མཁན་སློབ་མ་དང་དེ་བཞིན་རྒྱུགས་སྤྲོད་ལྟ་དགེ་རྒན་ལ་སྟབས་བདེ་བསྐྲུན་ཡོད་པ་རེད། བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:视觉山南
གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་སྐོང་འཚོགས་པ།
སྐྱ་ཐེར་རི་བོ་སྔོ་ལྗང་ན་བཟའ་བཀླུབས། སྐྱེ་ཁམས་མཛེས་པའི་ནོར་འཛིན་ཨེ་མ་མཚར།
ངེད་གྲོང་ཁྱེར་གྱིས་མཐོ་རྒྱུགས་ཀྱི་རྒྱབ་ཕྱོགས་འགན་ལེན་ཚགས་ཚུད་བྱས་ཡོད་པ།
ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་གཏོད་དགོས།