第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年5月31日 星期
3 上一篇  下一篇 4 放大 缩小 默认
བག་གྲོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་28ཉིན། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་བགྲ་གྲོས་གྲོང་ཁྱེར་སྲིད་གྲོས་ཀྱི“རིམ་པ་གཉིས་”ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་(རྒྱ་ཆེ་)ཚོགས་འདུ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཝང་ཁྲུན་ཧྭ་གདན་དྲངས་ནས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིཊ་ནས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་སུན་ཧུང་ཀྲང་དང་། སངས་རྒྱས་ཆོས་འཕེལ་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་ཚེ་རིང་ཟུར་ཞུཊ་གནང་བ་རེད།

ཝང་ཁྲུན་ཧྭ་ཡིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན་དང་། ནང་དོན་གཙོ་བོ། སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ཇི་ལྟར་བྱེད་དགོས་པ་སོགས་ཕྱོཊ་གསུམ་གྱི་ཐད་ནས་གསལ་འགྲེལ་གཏིང་ཟབ་བྱས་ཏེ་སྲིད་གྲོས་ཏང་ཡོན་དང་ལས་བྱེད་པས་《སྲོལ་ཡིག》སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་རོཊ་རམ་གནང་ཡོད།

བག་གྲོས་གཙོ་སྐྱོང་གནང་སྐབས་སྲིད་གྲོས་“རིམ་པ་གཉིས་ཀྱི”ཏང་ཙུའུ་ཚན་པའི་ཁོངས་མི་དང་ལས་ཁུངས་ཀྱི་རྫོང་རིམ་པའི་ལས་བྱེད་པས་སྲོལ་ཡིག་གི་ནང་དོན་ཇི་མ་ཇི་བཞིན་སློབ་སྦྱོང་ཡག་པོ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་ཁག་དྲུག་ཁོང་དུ་ཆུད་པ་བྱས་ཐོག་རྒྱུན་གཏན་གྱི་གཏམ་སྤྱོད་ཚད་འཛིན་སྔར་བས་ཁ་གསལ་བཟོ་དགོས། སྲོལ་ཡིག་གི་གཏན་འབེབས་བླང་བྱ་དེ་དག་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ནང་མཉམ་འདྲེས་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་ཤེས། སྒྲིག་ཁྲིམས་སྲུང་བརྩི་བཅས་བྱེད་དགོས། ཚན་ཁག་ཁོངས་མི་རྣམས་ཀྱིས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྣེ་ཁྲིད་པ་ཡག་པོ་བྱེད་དགོས། གཙོ་གནད་ལས་གནས་དང་འགག་རྩའི་མི་སྣར་རྒྱུན་གཏན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཞུང་དོན་སྣེ་ལེན་དང་། རླངས་འཁོར་ཉམས་གསོ། གཞུང་ལས་མཁོ་ཆས་ཉོ་སྒྲུབ། ཁ་གསབ་སྤྲོད་ཕྱོགས། བརྟག་དཔྱད་ལས་དོན་གྱི་སྤྱོད་ཚུལ་སོགས་སྲིད་གཙང་གི་ཉེན་ཁ་ཐོན་ཡུལ་ཁག་ལ་བརྟག་དཔྱད་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གྲོས་ཏང་ཡོན་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སེམས་ལ་འཇིགས་སྣང་དང་། གཏམ་ལ་གཅུན་སྡོམ། སྤྱོད་ལམ་ལ་ཚོད་འཛིན་ཡོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་དཀར་འཁུར་ཕོད་ལྡན་པ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱིས་སྤེལ་བཞིན་པའི་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ལས་ཆོད་ཆེ་རུ་གཏོང་རྒྱུའི“མཐོར་གཏོང་གཉིས་”ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱེད་དགོས་པ། ལོ་འཁོར་གྲོས་མོལ་གྱི་ལས་འགན་ཁག་ལེགས་གྲུབ་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཐོག། ཕན་འབྲས་དངོས་ལ་མཐོང་ཆེན་དང་སྤུས་ཚད་མཐོར་གཏོང་ཐད་འབད་བརྩོན་བྱས་ནས་སྔར་བས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་གྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དག་ལྷོ་ཁའི་སྲིད་གྲོས་ལས་དོན་སྤུས་མཐོའི་གོང་འཕེལ་འགྲོ་བར་སྐུལ་སྤེལ་དང་། གྲོང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་སྐུལ་སྤེལ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ལ་ཞབས་འདེཊ་ཞུ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུཊ་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ངོ་། བསོད་བསྟན་གྱིས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
དམངས་ཕྱུག་བོད་དར་གྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།
བག་གྲོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ།
ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།