第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2024年5月31日 星期
下一篇 4 放大 缩小 默认
དམངས་ཕྱུག་བོད་དར་གྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།
 

(པར་ངོས་དང་པོར་མཐུད) རིག་གནས་དམངས་ཕན། བདེ་ཐང་བོད་ལྗོངས་སོགས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཏན་ཏིག་བཏང་བ། ཐོན་ལས་འཕེལ་རྒྱས་ཐད་གོམ་པ་མགྱོགས་པོ་སྤོས་པ། ལག་རྩལ་འདུས་ཚད་མང་དུ་ཕྱིན་པ། འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་པ། རིག་གནས་ཡུལ་སྐོར་ཐོན་ལས་ས་ཁོངས་ཧྲིལ་པོ་དང་དུས་སྐབས་ཧྲིལ་པོའི་འཕེལ་རྒྱས་བྱུང་བ། བོད་ཀྱི་གསོ་བ་རིག་པ་དང་ནུས་རྒྱུ་གསར་པ་སོགས་ལེགས་ལྡན་ཐོན་ལས་ལ་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་བཏང་བ། སློབ་གསོ་དང་སྨན་བཅོས་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་མུ་མཐུད་མང་དུ་བཏང་བ་དང་། གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

མཐའ་སྐྱོང་བོད་བརྟན་ཡོང་བར་དམངས་ཕྱུག་གཙོ་གནད་དུ་འཛིན་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་ནི་དམངས་ཕྱུག་བོད་དར་གྱི་ལས་འགན་ཨང་དང་པོ་ཡིན་པ་དང་བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་མིན་པར་ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་རྩོད་སྒྲུབ་གཅིག་གྱུར་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཡག་པོ་བྱུང་ཚེ་མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་བོད་འདི་ཉིད་གཞི་ནས་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། བོད་སྐྱོང་བོད་བརྟན་གྱི་ལས་འགན་ལྕི་པོ་རང་རྟོགས་ངང་ཁུར་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ནན་ཏན་བསྟར་བ་དང་། གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པ་ལས་འགན་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ཐོན་ལས་ཀྱི་གྲུབ་ཆ་དང་བཀོད་པ་ལེགས་སུ་གཏོང་བ། ནང་གནས་ཀྱི་སྒུལ་ཤུགས་སྐྱེད་སྲིང་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་གང་ཐུབ་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ལ་ལས་ཀ་ལས་རྒྱུ་ཡོད་པ་དང་། ཡོང་འབབ་གསོག་རྒྱུ་ཡོད་པ། མདུན་ལམ་ཡོད་པ་བཅས་ཧུར་ཐག་ཡོང་བར་བྱས་ཏེ། དེ་བས་ལེགས་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འཁེལ་བའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་གི་ཆ་རྐྱེན། དེ་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་བཏོད་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
དམངས་ཕྱུག་བོད་དར་གྱི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས།
བག་གྲོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ།
ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།