第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོར་བྱ་དགའ་ཆད་གཅོད་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་པ།
འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།
རྒྱ་ཚྭ་རྫོང་གླིང་མདའ་ཤང་གིས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་ཐེངས་45པ་སྐོང་འཚོགས་གནང་བ།
སྣ་དཀར་རྩེ་རྫོང་གིས་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་བདམས་པ།
| 山南网首页 |
2024年5月31日 星期
3 上一篇  下一篇 4 放大 缩小 默认
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་ཐེངས་45པ་སྐོང་འཚོགས་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་45པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་སྟེ་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་དང་པའེ་ཡུན་ཧྥུང་། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའོ་ཡུང་ཝུན། གྲོང་སྤྱི་གཞོན་པ་ཚེ་རིང་དང་། ཀྲེང་ཁྲོན་ཅིན། ཕུན་ཚོགས། ལིའུ་ཙུང་ཁྲང་། གྲོང་སྤྱི་གཞོན་པའི་འོས་མི་ཚེ་རིང་གཡང་འཛོམས་དང་ཧན་ལེའང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

བསམ་གྲུབ་ཚེ་རིང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཁག་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་། རེ་རེ་བཞིན་ཕན་འབྲས་ཐོན་པའི་དམ་འཛིན་བྱེད་དགོས།

སྒྲིག་ཁྲིམས་ལ་སྣང་ཆེན་དང་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་དོན་དག་གལ་ཆེན་སྙན་ཞུ་བྱེད་པའི་སྲོལ་ཡིག་》དང་《ཀྲུང་གུང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དོན་དག་གལ་ཆེན་སྙན་ཞུ་བྱེད་པའི་ལག་བསྟར་བྱེད་ཐབས་》དོན་འཁྱོལ་ནན་ཏན་བྱས་ཏེ། གནད་དོན་གལ་ཆེན་དང་། དོན་དག་གལ་ཆེན། གཙོ་གནད་ལས་ཀ་བཅས་ཀྱི་འཕེལ་རིམ་གནས་ཚུལ་ཡིན་ཕྱིན་གཏན་འབེབས་དང་གོ་རིམ་ལྟར་དུས་ཐོག་ཏུ་སྙན་ཞུ་བྱེད་དགོས། སྣེ་ཁྲིད་ནས་《སྲིད་གཞུང་གི་ལས་ཀའི་སྒྲིག་སྲོལ་》ལག་བསྟར་བྱས་ཏེ་སྲིད་གཞུང་གི་འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་བཏང་ནས་སྲིད་གཞུང་གི་ལས་ཀ་སྔར་བས་ཚད་ལྡན་དང་གཟབ་ནན། དངོས་སྒྲུབ། ལས་ཆོད་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས། མིག་སྔར་ཆར་དུས་དང་ཨར་ལས་ཀྱི་མཐོ་རླབས་ལ་སླེབས་ཡོད་པས་རིམ་པ་ཁག་དང་ལས་རིགས་སྡེ་ཚན་ཁག་གིས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁྲི། འགན་འཛོལ་གྱི་འགན་འཁྲི་བདའ་འདེད། “དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་བཅས་དོན་འཁྱོལ་ནན་པོ་བྱས་ཏེ་འགན་འཁྲི་ནན་པོ་འཁུར་རྒྱུ་དང་ཁོངས་གཏོགས་དོ་དམ་ནན་པོ་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་དང་། རྡོ་སོལ་མིན་པའི་གཏེར་རི། སློབ་གྲྭའི་བདེ་འཇགས་སོགས་ཁྱབ་ཁོངས་གཙོ་གནད་དུ་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ། བཀོད་འདོམས་བཀོད་གཏོང་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་ཉེན་ཁ་དང་མངོན་མེད་རྐྱེན་རྩ་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།

དབྱར་རྩྭ་དགུན་འབུ་འཐུ་བསྡུའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས་འབྲེལ་ཡོད་རྫོང་(ཆུས། གྲོང་ཁྱེར)དང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་རྟག་ཏུ་འདྲི་རྩད་དང་། བཀོད་གཏོང་དམ་འཛིན་དང་མཛུབ་སྟོན་བཅས་བྱས་ཏེ་གནད་དོན་དང་མངོན་མེད་རྐྱེན་རྩ་ཤེས་རྟོགས་བྱེད་པ་དང་། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་སེལ་མཁས་པོ་བྱས་ནས་དབྱར་རྩྭ་དགུན་འབུ་འཐུ་བསྡུ་ཉོ་ཚོང་དོ་དམ་སྒྲིག་ལམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གང་ཐུབ་བྱེད་དགོས།

བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南
ངེད་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོར་བྱ་དགའ་ཆད་གཅོད་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་པ།
འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།
རྒྱ་ཚྭ་རྫོང་གླིང་མདའ་ཤང་གིས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་ཐེངས་45པ་སྐོང་འཚོགས་གནང་བ།
སྣ་དཀར་རྩེ་རྫོང་གིས་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་བདམས་པ།