第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོར་བྱ་དགའ་ཆད་གཅོད་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་པ།
འཁེལ་འཐག་ལག་ཤེས་ལྡེ་མིག་གིས། འཚོ་བ་གསར་པའི་སྒོ་མོ་ཕྱེ།
རྒྱ་ཚྭ་རྫོང་གླིང་མདའ་ཤང་གིས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།
བསམ་གྲུབ་ཚེ་རིང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་ཐེངས་45པ་སྐོང་འཚོགས་གནང་བ།
སྣ་དཀར་རྩེ་རྫོང་གིས་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་བདམས་པ།
| 山南网首页 |
2024年5月31日 星期
3 上一篇  下一篇 4 放大 缩小 默认
རྒྱ་ཚྭ་རྫོང་གླིང་མདའ་ཤང་གིས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་ཚྭ་རྫོང་གླིང་མདའ་ཤང་གིས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་འབའ་ཤང་སྦ་སྣ་དུང་དཀར་དང་། བྲག་རི་གསུམ་མདོ། ཚལ་རྒྱུ་ཤང་གི་མེ་ཏོག་ཐང་། རྫི་མོ་ལུང་ཤུར་སོགས་ཀྱི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད།

བྱེད་སྒོའི་ནང་དྲིལ་བསྒྲགས་ཚོགས་པའི་ཁོངས་མིས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་དོད་པའི་གྱོད་དཔེ་དང་གོ་བདེ་བའི་སྐད་ཆའི་ཐོག་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། མེ་ཟོན་བདེ་འཇགས་ཤེས་བྱ། མི་རིགས་མཐུན་སྒྲིལ་ཡར་ཐོན། དུས་བདེ་འཛུགས་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བརྒྱབ་པ་མ་ཟད། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཞིང་འབྲོག་པའི་སྦྲ་གུར་ནང་བསྐྱོད་དེ་མང་ཚོཊ་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་དུང་བན་དང་། ཆར་གོས། རས་ཁུག་སོགས་འཚོ་བའི་མཁོ་ཆས་ཀྱང་སྤྲད་པ་རེད། ཆབས་ཅིག་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་མང་ཚོགས་ལ་བྱི་རིམས་འགོག་ཟོན་དང་འཕྲོད་བསྟེན་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་འབྲེལ་རིན་པ་མི་དགོས་པར་གཟུཊ་པོར་བརྟག་དཔྱད་དང་སྨན་རྫས་སྤྲད་པས་རྒྱ་ཆེའི་མང་ཚོཊ་ཀྱི་དགའ་བསུ་ཐོབ་ཡོད། བསོད་བསྟན་གྱིས་བསྒྱུར། བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉山南