འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ལམ། གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་སློབ་སྦྱོང་(རྒྱ་ཆེ)ཚོགས་འདུའི་ཆེད་དོན་འཆད་ཁྲིད་འཚོགས་ནས་རྒྱལ་ཁབ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཁྲེན་ཙུང་ཧྥ་གདན་དྲངས་ཏེ། ནུས་རྒྱུ་གཙང་མ་གསར་སྤེལ་མགྱོགས་སུ་བཏང་ནས་ནུས་རྒྱུ་ཐུན་མོང་འགན་སྲུང་དང་། ཐཱན་ཉུང་ཕྱོགས་སྒྱུར། དཔལ་འབྱོར་འཕར་ཚད་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད།
གྲོང་ཨུད་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་གིས་གཙོ་སྐྱོང་གནང་བ་དང་། གྲོང་ཁྱེར་དབུ་ཁྲིད་ཝང་ཏེ་ཝུན་དང་། བག་གྲོ། ཝང་ཡུན་ཆིང་། བསྟན་འཛིན། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། མུའོ་ཡུང་ཝུན། ཧྥེང་ཞའོ་དབྱི། ཨན་ཤིང་གོ་། ཀྲང་ཝུའེ་སོགས་ཞུགས་པ་རེད།
ཁྲེན་ཙུང་ཧྥ་ཡིས། མིག་སྔའི་སྲིད་ཇུས་ཁྲོམ་རའི་ཁོར་ཡུག་དང་གློག་ཤུགས་ལས་རིགས་ཀྱི་འཕེལ་ཕྱོགས་དང་ཧྭ་ཏན་ཚོགས་པའི་ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་འཐབ་ཇུས་དང་དྭངས་གཙང་ཐཱན་ཉུང་ཕྱོགས་སྒྱུར་ལག་ལེན་སོགས་ཕྱོགས་བཞིའི་ཐད་ནས་བཟོ་ལས་ཅན་གསར་པར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བཟོ་ལས་ཅན་གསར་པའི་འགྲོ་ལམ་དང་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གཏོང་བའི་དུས་བབ་དང་ལས་འགན། ཀྲུང་གོའི་ཐཱན་རྩེར་སོན་དང་ཐཱན་སྙོམས་ཀྱི་རྒྱབ་ལྗོངས་དང་། དགོས་ངེས་རང་བཞིན། འཐབ་ཇུས་དོན་སྙིང་བཅས་ལ་རྒྱས་བཤད་གནང་བ་དང་འབྲེལ་ངེད་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལྗང་མདོག་ཐཱན་ཉུང་རིགས་བསྒྱུར་འཕེལ་རྒྱས་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་པ་རེད།
ཧྲན་ཆང་གིས་གཙོ་སྐྱོང་གནང་སྐབས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ནུས་རྒྱུ་གཙང་མ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་ནུས་རྒྱུ་གཙང་མ་དང་སྲོལ་རྒྱུན་ནུས་རྒྱུ། ཁྱོན་ཡོངས་དང་ཆ་ཤས། སྲིད་གཞུང་དང་ཁྲོམ་ར། ནུས་རྒྱུ་གསར་སྤེལ་དང་གྲོན་ཆུང་བེད་སྤྱོད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་སྔར་ལས་ཆེ་བ་བཏང་ནས་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལྷོ་ཁའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་འཚོགས་པ་དང་། རྩེད་ཐང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། རྫོང་(ཆུས་དང་གྲོང་ཁྱེར)ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། རྩེད་ཐང་དུ་ཞུགས་པའི་ས་ཁུལ་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག་དང་། གྲོང་ཁྱེར་(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།