第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་ ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར། གྲ་ནང་རྫོང་གཉིས་སུ་རྟོག་ཞིབ་གནང་བ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་འཆད་ཁྲིད་འཚོགས་པ།
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་སྐོང་འཚོགས་བྱས་པ།
| 山南网首页 |
2024年4月29日 星期
3 上一篇 放大 缩小 默认
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་སྐོང་འཚོགས་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་25ནས་ཚེས་26ཉིན་བར། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་རྩེད་ཐང་དུ་སྐོང་འཚོགས་བྱས་པ་རེད། གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གསབ་འདེམས་བྱས་པ། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམས་བཅས་བྱས་པ་རེད། ཚོགས་འདུའི་རིང་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་དང་། གྲ་སྒྲིག་ཚོགས་འདུ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་2འཐུས་མི་ཚོགས་པ་ཁག་གི་གྲོས་ཚོགས་ཐེངས་2བཅས་འཚོགས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། བསམ་བློ་དང་ངོས་འཛིན་གཅིག་གྱུར་ཐོག་འགན་འཁྲི་ནན་ཏན་སྒྲུབ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སོགས་ཀྱི་ཐད་ནས་ཐེངས་འདིའི་གྲོས་ཚོགས་ཡག་པོ་འཚོག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚོགས་ཞུགས་འཐུས་མིས་ཏང་དང་མི་དམངས་ལ་འགན་འཁུར་བའི་ཚད་མཐོའི་རྣམ་འགྱུར་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཐོན་པོར་བཅངས་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། ཁྲིམས་ལྟར་བྱ་བ་ནན་པོས་སྒྲུབ་པ། བླ་ན་མེད་པའི་དབང་ཆ་བརྗིད་ཉམས་ལྡན་པའི་ངང་སྤྱད་ཡོད།

ཚེས་26ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ལག་བསྟར་ཀྲུའུ་ཞི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཞུས་ཁྲེང་ཚང་གིས་ཚོགས་ཆེན་གྱི་འདེམས་བསྐོའི་ཚོགས་འདུ་གཙོ་སྐྱོང་དང་སྦྲགས་སྐོང་འཚོགས་གནང་བ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་དང་། ཝང་ཏེ་ཝུན། ཧྲན་ཆང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ལིའུ་ཧྲེང་གཡུས། ཨན་ཤིན་གོ ཀྲང་ཝུའེ། བསོད་ནམས་རྡོ་རྗེ། ཉིའུ་ཁུན། འཇིགས་མེད། བུ་ཏོག། པ་སངས་དངོས་གྲུབ། ཅང་གཡན་ཧུང་བཅས་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

ཀྲུའུ་ཞི་སྟེགས་བུའི་ཐོག་ཞུགས་མཁན་གྲོང་ཁྱེར་དབུ་ཁྲིད་གྲས་སུ་ད་དུང་བསམ་གྲུབ་ཚེ་རིང་དང་། ཧྲན་ཆང། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། མུའོ་ཡུང་ཝུན་བཅས་ཡོད།

ཚོགས་ཆེན་ལ་ཕེབས་དགོས་ངེས་ཀྱི་འཐུས་མི་249ཡོད་པ་ནས། དངོས་སུ་ཕེབས་པ་213ཡོད་པས་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད།

ཚོགས་ཆེན་ཐོག་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པའི་འདེམས་བསྐོའི་བྱ་ཐབས་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པ། འདེམས་ཤོག་ཁྱབ་བསྒྲགས་བྱེད་མཁན་བཅས་ཀྱི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ། ཚོགས་ཆེན་གྱི་འདེམས་བསྐོའི་བྱེད་ཐབས་ཀྱི་གཏན་འབེབས་ལྟར་འཐུས་མི་ཡོངས་ཀྱིས་གྲོས་ཞིབ་གང་ལེགས་བྱས་པ་བརྒྱུད། ཚོགས་འདུས་མིང་མ་བཀོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཁྲིམས་ལྟར་བསམ་གྲུབ་ཚེ་རིང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱིར་འདེམས་བསྐོ་བྱས་པ་དང་། བློ་མཐུན་ལི་ཧྲེན་ཝུའུ་དང་། ཚའོ་ཙུའུ་ཡུས། ཚའོ་ཡུང་བཅས་གསུམ་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་རེད། དེ་རྗེས། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད།

ཞུས་ཁྲེང་ཚང་གིས་གསུངས་དོན། གསར་དུ་ལས་འགན་བཞེས་པའི་བློ་མཐུན་ཚོས་རྩ་ཁྲིམས་ཀྱི་དམ་བཅར་བརྩི་སྲུང་ནན་ཏན་དང་། འགན་འཁྲི་ནན་ཏན་བསྒྲུབ་པ། ལས་ཀ་ཧུར་ཐག་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། རང་ཉིད་ལ་བླང་བྱ་ནན་པོ་འདོན་པ། འགན་འཁྲི་ནན་ཏན་སྒྲུབ་པ། “དོན་ཆེན་བཞི”དང་“འགན་ལེན་བཞི” “ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག”བཅས་ལ་དམིགས་ཐོག་ལས་དོན་ཁག་སྐས་རིམ་གསར་པར་བསྐྱོད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་ལན་ཞིག་སྤྲོད་དགོས།

ཚོགས་འདུ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཐུགས་གྲ་འགྲིག་པོས་མཇུག་འགྲིལ་བ་རེད།  བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论
ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་ ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཞུས་ཁྲེང་ཚང་དང་བཅས་པས་མཁའ་འགྲུལ་ཁུལ་གསར་དང་། གོང་དཀར། གྲ་ནང་རྫོང་གཉིས་སུ་རྟོག་ཞིབ་གནང་བ།
གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཆེད་དོན་འཆད་ཁྲིད་འཚོགས་པ།
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གཉིས་པའི་གྲོས་ཚོགས་ཐེངས་བདུན་པ་སྐོང་འཚོགས་བྱས་པ།