第02版:要闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་100ལས་བརྒལ་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ།
ངེད་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་གནས་ཚུལ་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་བྱས་པ།
གྲོང་ཁྱེར་ཡོངས་ཀྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་”གི ཞིང་འབྲོག་ཁུལ(གྲོང་ཁྱེར་སྡེ་ཁུལ)གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱའི་གྲས་གཏོད་པའི་ས་ཡུལ་དངོས་ཀྱི་སྐ@
ཟླ 4ཚེས་26ཉིན་མོའི་ཤེས་བྱའི་བདག་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀར་སྐུལ་འདེད་བཏང་བ།
| 山南网首页 |
2024年4月29日 星期
3 上一篇  下一篇 4 放大 缩小 默认
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ།
 

འདི་ག་ཚགས་པར་ཁང་ནས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། ཉེ་ཆར། གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྲེང་གཡུས་ཀྱིས་གོང་དཀར་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ་དང་འབྲེལ་སློབ་སྦྱོང་བྱེད་དགོས་དོན་དང་། གང་ཞིག་སློབ་སྦྱོང་བྱེད་དགོས་པ། སློབ་སྦྱོང་ཇི་ལྟར་བྱེད་དགོས་པ། གང་ཞིག་སྒྲུབ་དགོས་པ་བཅས་ཀྱི་གནད་དོན་ཐད་ནན་བཤད་གནང་ཡོད།

ཉེ་དུས། གྲོང་ཨུད་རྒྱུན་ཨུ། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུའེ་ཡིས་སྣེ་གདོང་ཆུས་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་(རྒྱ་ཆེ)ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ་མ་ཟད། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སློབ་སྦྱོང་ནན་ཏན་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ནང་དོན་ཁོང་དུ་ཆུད་པ། 《སྲོལ་ཡིག་》སློབ་སྦྱོང་བྱ་རྒྱུ་དེ་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་།“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་ནང་དོན་ནང་འཇུག་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཉེ་དུས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མཚོ་སྣ་གྲོང་ཨུད་ཀྱི་ཧྲུའུ་ཅི་པ་སངས་དངོས་གྲུབ་ཀྱིས་མཚོ་སྣ་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཙོ་སྐྱོང་གནང་བ་མ་ཟད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ནན་པོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཉེ་ཆར། ལྷུན་རྩེ་རྫོང་དང་འཕྱོངས་རྒྱས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ། 《སྲོལ་ཡིག》སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དག་ལས་སྒྲུབ་ལས་གཏོད་དང་སྔོན་ཐོན་བརྩོན་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཉེ་ཆར། མཚོ་སྨད་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་ལེགས་བཅོས་བྱེད་པ། ཏང་གཤིས་བློ་སྦྱོང་དང་མཐོར་འདེགས་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།བསོད་བསྟན་དང་ཡེ་ཤེས་བཟང་མོས་བསྒྱུར། བསོད་ནམས་དོན་གྲུབ་ཀྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论
ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་100ལས་བརྒལ་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ།
ངེད་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་གནས་ཚུལ་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་བྱས་པ།
གྲོང་ཁྱེར་ཡོངས་ཀྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་”གི ཞིང་འབྲོག་ཁུལ(གྲོང་ཁྱེར་སྡེ་ཁུལ)གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱའི་གྲས་གཏོད་པའི་ས་ཡུལ་དངོས་ཀྱི་སྐ@
ཟླ 4ཚེས་26ཉིན་མོའི་ཤེས་བྱའི་བདག་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀར་སྐུལ་འདེད་བཏང་བ།