第02版:要闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་100ལས་བརྒལ་བ།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ།
ངེད་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་ཁབ་གནས་ཚུལ་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་བྱས་པ།
གྲོང་ཁྱེར་ཡོངས་ཀྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་”གི ཞིང་འབྲོག་ཁུལ(གྲོང་ཁྱེར་སྡེ་ཁུལ)གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱའི་གྲས་གཏོད་པའི་ས་ཡུལ་དངོས་ཀྱི་སྐ@
ཟླ 4ཚེས་26ཉིན་མོའི་ཤེས་བྱའི་བདག་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀར་སྐུལ་འདེད་བཏང་བ།
| 山南网首页 |
2024年4月29日 星期
下一篇 4 放大 缩小 默认
ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་100ལས་བརྒལ་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་3ཚེས་27ཉིན་བར། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་ཐེངས་གྲངས་209བཏང་བར་སྒོར་དུང་ཕྱུར་22.74ཟིན་པ་དང་། གཞུང་ཕྱོགས་ལ་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་100ལས་བརྒལ་ནས་སྒོར་དུང་ཕྱུར་101.53ཟིན་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་དང་ཚོང་དུད་ལ་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་ཁང་དང་སྲིད་གཞུང་། ཁེ་ལས་བཅས་ཕྱོགས་གསུམ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། འཐུས་མི་120ལྷག་གདན་ཞུ་བྱས་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། ཚོགས་འདུའི་ཐོག ཕྱོགས་ཁག་གི་འཐུས་མི་ཚོས་ཕན་ཚུན་སྤེལ་རེས་བྱས་པ་དང་། ཚོགས་འདུའི་རྗེས་ལ། ལྷོ་ཁ་ཡན་ལག་དངུལ་ཁང་གིས་ཚན་པ་ཁག་དང་ཁེ་ལས་ཁག་གི་དགོས་མཁོ་ལྟར།ཆེད་མི་བཀོད་སྒྲིག་བྱས་ནས་ཕན་ཚུན་འབྲེལ་མཐུད་ཀྱིས་དངུལ་ཁང་དང་།སྲིད་གཞུང་། ཁེ་ལས་བཅས་དབར་གྱི་མཉམ་ལས་བདེ་བླག་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

གཉེར་སྐྱོང་ཚན་པར་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་ཆེད། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་དང་རྫོང་།ཤང་བཅས་རིམ་གསུམ་མཉམ་སྦྲེལ་གྱི་བྱེད་ཐབས་བརྒྱུད་ཁྱོན་ཡོངས་ལ་རྟོག་ཞིབ་བྱས་མཐར་ཁེ་ལས་དང་ཚོང་དུད་ཀྱི་དངུལ་རྩའི་དགོས་མཁོ་གཅིག་སྡུད་བསྡུ་རུབ་བྱས་པ་རེད།

“གྲོང་ཁུལ་གྱི་གཞོན་ནུ་འཕྲལ་རྒོལ་རུ་ཁག་”གིས་ཆེད་ལས་ཁྲོམ་ར་དང་ཚོང་ལས་ཕྱོགས་བསྡུས་ཚོགས་པར་ཟབ་འཇུག་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཐོན་ཟོག་ཁྱབ་གདལ་བཏང་ཐོག་ཁེ་ལས་དང་ཚོང་དུད་ལ་ཕྱོགས་ཡོངས་ནས་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཡོད། རྫོང་ཁོངས་ཀྱི་ཉིང་ལག་དངུལ་ཁང་གིས་དངུལ་ཁང་དང་སྲིད་གཞུང་། དངུལ་ཁང་དང་ཁེ་ལས་དབར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཐོག་དངུལ་རྩའི་ཐོན་ཁུངས་གཞི་རིམ་ལ་ཕྱོགས་ལྷུང་བྱས་ཡོད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论