འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འགྲུལ་ཟོག་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། གྲོང་ཁྱེར་ཡོངས་སུ་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་ལས་གཉེར་དྲ་ཚིགས་91དང་། དམངས་གཉེར་མྱུར་སྐྱེལ་ལན་པར་8མྱུར་སྐྱེལ་ལས་གཉེར་དྲ་ཚིགས་30བཅས་ཟིན་ནས་ཤང་ངམ་གྲོང་རྡལ་དང་གྲོང་ཚོ་ཡོངས་ལ་ཁྱབ་ཅིང་མྱུར་སྐྱེལ་སྐྱེལ་སྤྲོད་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་བདེ་སྐྱིད་ཁྱིམ་གཞིས་མ་འཇོག་འཛུགས་སྐྲུན་ཚོགས་པས་གོང་དཀར་རྫོང་དང་མཁའ་འགྲུལ་ཁུལ་གསར་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་སྲིན་པོ་རི་སྦྲེལ་མཐུད་ཟོག་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མཁའ་འགྲུལ་ཁུལ་གསར་གྱི་ཟོག་འདྲེན་མཁའ་འགྲུལ་ཟོག་འགྲེམས་རྟེན་གཞིའི་རྣམ་གྲངས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ། སྣེ་གདོང་ཆུས་ཀྱིས་ས་ཁོངས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་གྲོང་གསེབ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དར་རྒྱས་གཏོང་བའི་བདེ་སྐྱིད་ལས་གཞི་ཆེན་པོ་བཅུ་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དང་འཐུང་ཆུ། རླུང་འཕྲིན་བརྙན་འཕྲིན། གློག་འཕྲིན་སྦྲག་སྲིད་བཅས་གྲོང་ཚོ་བར་ཤར་གཏོང་བྱས་པ། གློག་རྡུལ་ཚོང་དོན་ཟོག་འགྲེམས་སྡེབ་སྐྱེལ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བཅས་བྱུང་ཡོད།
དེ་དང་ཆབས་ཅིག་ལྷུན་རྩེ་རྫོང་གིས་གྲང་སྦྲེལ་ཟོག་འགྲེམས་རླངས་འཁོར་8བཀོད་སྒྲིག་བྱས་ནས་ལྷུན་རྩེ་རྫོང་གྲོང་དང་ཤང་གྲོང་རྡལ་ཁག་ཏུ་གྲང་མཛོད་བསྐྲུན་ཏེ་ཞིང་ཞོར་བཟའ་བཅའི་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱས་པ་དང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་དང་། གཟན་ཆག་ལས་སྣོན། བཤས་ར། གྲང་སྦྲེལ། ཟོག་འགྲེམས་སོགས་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་རྣམ་པ་ཐོག་མར་མངོན་པ། རྒྱ་ཚྭ་རྫོང་ལྷ་གསོལ་ཤང་གིས་དངོས་ཟོག་ཕྱིར་ཚོང་དང་སྡེབ་སྐྱེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་དང་འབྲེལ་ཐག་ཡོངས་ཁྱབ་ཐོག་ནས་ཁོངས་གཏོགས་ཁུལ་གྱི་སྟར་ཁ་དང་ཀུ་ཤུ་སོགས་ཞིང་ཞོར་ཐོན་རྫས་འཐུ་འཐོག་དང་། གདམ་གསེས། ཐུམ་སྒྲིལ། སྒམ་སྒྲིལ། ཐོ་སྦྱར། ཚོང་ཟོག་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཏེ་ཟོག་འགྲེམས་མྱུར་ཚད་དང་། ཞབས་ཞུའི་རྣམ་འགྱུར། དྲིལ་བསྒྲགས་བྱེད་ཚད། ཐོན་རྫས་སྤུས་ཚད་སོགས་ཁྱབ་ཁོངས་ཁག་གི་ལས་དོན་ཆེ་རུ་གཏོང་གང་ཐུབ་བྱས་པ། འཕྱོངས་རྒྱས་རྫོང་གིས་རྫོང་ཁོངས་ཀྱི་ཟོག་འགྲེམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱའི་སྟེགས་བུ་བསྐྲུན་ཐོག། ཤིང་ཏོག་དང་སྔོ་ཚལ། ཤ་སོགས་གྲང་སྦྲེལ་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་འཕྱོངས་རྒྱས་རྫོང་གི་ཚད་ལྡན་ཅན་གྱི་གྲང་སྦྲེལ་ཟོག་འགྲེམས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ལ་སྐུལ་འདེད་བཏང་ཞིང་། ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ཕྱིར་ཚོང་བྱ་ཚད་དང་བཟོ་ལས་ཐོན་རྫས་དྲ་ཐོག་ཉོ་སྒྲུབ་ཀྱིས་འཛད་སྤྱོད་པའི་ལག་ཏུ་སྐྱེལ་སྤྲོད་བྱེད་པའི་མཐའ་མའི་སྤྱི་ལེ་གཅིག་ཤར་གཏོང་བྱས་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་ལས་རིགས་ཀྱི་སྦྲག་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་1063.79ཟིན་པའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ཁྲི་52.13ཟིན་པ་དང། ་ཡོང་འབབ་སྒོར་ཁྲི་1744ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་73.06%དང་73.37%འཕར་བ་དང་འབྲེལ་ཁེ་ལས་1921ཀྱིས་ཡར་ཀླུང་ཚོང་འདུས་དང་། རྫོང་ཁག་གི་ཚོང་འདུས་སོགས་འགྲེམས་འཚོང་བྱེད་སྒོར་ཞུགས་རྒྱུར་ཁྲིད་ཕྱོགས་བྱས་ཡོད་པ་རེད།
བསོད་ནམས་བསྟན་པས་བསྒྱུར། བསོད་དོན་དང་ཡེ་བཟང་གིས་ཞུས།