第01版:头版 4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ།
ཞུས་ཁྲེང་ཚང་གིས་སྣེ་གདོང་གྲོང་ཁུལ་གྱི་རྣམ་གྲངས་ འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།
ངེད་གྲོང་ཁྱེར་གྱིས་ཟོག་འགྲེམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
བརྩེ་བ་ཟབ་པའི་རྒྱ་བོད་བཟའ་ཚོ་གཉིས།
| 山南网首页 |
2024年4月22日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་སྣེ་གདོང་གྲོང་ཁུལ་གྱི་རྣམ་གྲངས་ འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་4པའི་ཚེས་16ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་དང་བཅས་པས་སྣེ་གདོང་གྲོང་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས། སྤྱི་པའི་ཞབས་ཞུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་དང་འབྲེལ། ས་གནས་ས་ཐོག་ནས་དཀའ་ཁག་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།

བརྟག་ཞིབ་ནང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱས་ཏེ། དམིགས་ས་མཐོ་བའི་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་དག་པའི་གྲོང་ཁྱེར་དོ་དམ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཐོན་གྲོང་མཉམ་འདྲེས་མཐའ་འཁྱོངས། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་དང་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་ཀྱི་འབྲེལ་ཡོད་རེ་འདུན་དང་ཟུང་འབྲེལ། གྲོང་ཁྱེར་བཀོད་གཙང་རྒྱུན་མཐུད་ལེགས་སྤེལ། གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་མཐོར་འདེགས་བཅས་སྒོས། གྲོང་ཁྱེར་བདེ་འཇགས་ཡོང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་འཛུགས་སྐྱོང་བྱས་ཏེ། མང་ཚོགས་ལ་ཞབས་ཞུའི་བསྒྲུབ་ནུས་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་ལྟེ་བར་བྱས་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་འཛུགས་བསྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས།

གྲོང་ཨུད་འགོ་ཁྲིད་བསམ་གྲུབ་ཚེ་རིང་དང་། པའེ་ཡུན་ཧྥུང་། མུའུ་ཡུང་ཝུན། ཀྲང་ཝུའེ་བཅས་བརྟག་ཞིབ་ནང་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལྷན་དུ་ཞུགས་པ་རེད།

རྩེད་ཐང་ཟླ་འོད་ཁྲོམ་ར་རུ། ཞུས་ཁྲེང་ཚང་དང་བཅས་པས་ས་ཡུལ་དངོས་ནས་ཟླ་འོད་ཁྲོམ་རའི་རིམ་སྤོར་སྒྱུར་བཀོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་དགོས་པ་དང་དུས་མཚུངས། ཁྲིམས་དང་སྒྲིག་སྲོལ་བཞིན་ཁུལ་ཆུང་རྙིང་གྲས་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་མཐར་ཕྱིན་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

འབྲུ་མཛོད་ལས་ཁུངས་དང་གྲོང་ཁྱེར་གཅིག་སྡུད་མཁོ་སྒྲུབ་དང་ས་ཁོངས་བརྒལ་ནས་ཟོག་དངོས་འདྲེན་གཏོང་ལྟེ་གནས། གྲོང་ཁྱེར་ཐད་གཏོགས་སྤྱི་པའི་བོགས་གཏོང་སྡོད་ཁང་། རྩེད་ཐང་གསོལ་མགྲོན་ཁང་། ཡར་ཀླུང་རྨུ་སན་སྤྲོ་སྐྱིད་མགྲོན་ཁང་སོགས་རྣམ་གྲངས་ལས་ཡུལ་ཁག་ཏུ། ཞུས་ཁྲེང་ཚང་དང་བཅས་པས་སྔ་རྗེས་སུ་ས་ཡུལ་དངོས་ནས་མ་འཇོག་དོན་འཁྱོལ་དང་ལས་གྲྭའི་མྱུར་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་གནང་བ་དང་འབྲེལ། ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་བྱས་པའི་རྨང་གཞིའི་འོག གོ་སྐབས་ཡོད་དོ་ཅོག་དམ་འཛིན་ཡག་པོ་བྱས་ནས་ལས་གཉེར་ཕན་འབྲས་མཐོར་འདེགས་དང་མ་དངུལ་ཟླ་སྒྲིལ་སོགས་ཀྱི་དཀའ་ཁག་གནད་དོན་ཐག་གཅོད་བྱེད་རོགས་བརྒྱུད། རྣམ་གྲངས་འཛུགས་སྐྲུན་སྔར་བས་ལེགས་ལ་མྱུར་བ་ཡོང་རྒྱུར་སྐུལ་འདེད་བཏང་བའི་ཐོག་ནས་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་བ་རེད།

བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བའེ་ཧའོ་ལུས་རྩལ་ཐོན་སྐྱེད་འཁོར་ཁང་། ཡར་ཀླུང་ཐན་ཅེ་CDས་ཁོངས་བཅས་སུ། ཞུས་ཁྲེང་ཚང་དང་བཅས་པས་ཁེ་ལས་ཀྱི་འཕེལ་རྒྱས་དང་། ལག་རྩལ་གསར་གཏོད། སྒྲིག་བཀོད་ཐོན་སྐྱེད་དང་ཕྱིར་འཚོང་། ལས་བཟོ་པའི་ལས་གླ་དང་ཐོབ་ཐང་། ཚོང་འགུག་མ་འདྲེན་བྱེད་ཕྱོགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་དང་འབྲེལ། ཁེ་ལས་ཀྱིས་ས་གནས་འདི་གའི་མང་ཚོགས་དང་མཐོ་སློབ་ཐོན་པའི་སློབ་མར་ལས་གནས་མཁོ་སྤྲོད་ཧུར་ཐག་བྱེད་པ་དང་། གྲོང་ཁྱེར་གྱི་ཚོང་ར་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལས་གཉེར་དོ་དམ་ལ་ཤུགས་སྣོན་དང་ཚོང་ལམ་རྒྱ་སྐྱེད་ལ་བརྩོན་པ་སོགས་བྱས་ནས་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཚོར་ཞབས་ཞུ་སྔར་བས་ལེགས་པ་ཞུ་དགོས་པའི་ནན་བཤད་གནང་།

ཞུས་ཁྲེང་ཚང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་མཐོང་ཆེན་གནང་ཞིང་། བརྟག་ཞིབ་ནང་། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ལས་དོན་ནི་ཆེད་ལས་རང་བཞིན་ཆེ་སྟབས། ཕན་ཚུན་མཐུན་སྦྱོར་དང་མིག་དཔེར་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྒམ་ནན་ཆེ་བ་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ལ་འབྲེལ་ཡོད་ཚན་པ་ཁག་གིས་འགན་ཡག་པོ་འཁུར་ནས་ཐག་གཅོད་ཡང་དག་བྱེད་དགོས་པ་མ་ཟད། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གྱི་ཁོར་ཡུག་རྣམ་པ་གསར་པ་གཏོད་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རི་རབ་ལྷུན་པོའི་འགྱིང་ཉམས་མཐོང་ཐུབ་པ་དང་། དྭངས་ཤིང་གཙང་བའི་ཆུ་བོའང་རོལ་ཐུབ་པ། དེ་བས་ལོག་མལ་གྱི་བྲོ་བ་ལྡན་པ་ཞིག་ཏུ་བསྐྲུན་དགོས།

སྣེ་གདོང་ཆུས་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུད་དང་། སྡོད་ཁང་འཛུགས་སྐྲུན་ཅུད། ཕྱོགས་བསྡུས་ཁྲིམས་འཛིན་ཅུད་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོས་བརྟག་ཞིབ་ནང་མཉམ་དུ་ཞུགས་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།བསོད་བསྟན་དང་ཡེ་བཟང་གིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:公益广告
སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ།
ཞུས་ཁྲེང་ཚང་གིས་སྣེ་གདོང་གྲོང་ཁུལ་གྱི་རྣམ་གྲངས་ འཛུགས་སྐྲུན་ལ་རྟོག་ཞིབ་གནང་བ།
ངེད་གྲོང་ཁྱེར་གྱིས་ཟོག་འགྲེམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
བརྩེ་བ་ཟབ་པའི་རྒྱ་བོད་བཟའ་ཚོ་གཉིས།